མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

བརྒྱད་ཟིལ་རྫོང་གིས་བརྒྱད་ཟིལ་ནས་ཉག་ཆུ་བར་གྱི་གཞུང་ལམ་བསྒྱུར་བཀོད་བྱེད་པར་ཕྱི་རོལ་གྱི་ཁོར་ཡུག་ཡག་པོ་བསྐྲུན།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-04 10:43

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རིམ་པའི་གཞུང་ལམ་215པའི་ལམ་ཐིག་བརྒྱད་ཟིལ་ནས་ཉག་ཆུ་བར་གྱི་གཞུང་ལམ་རིམ་སྤར་བསྒྱུར་བཀོད་ཀྱི་ཨར་ལས(བརྒྱད་ཟིལ་ནས་མེན་ཉིང་གི་ལུའོ་པོ་སི་ལུང་པའི་བར)ལས་འགོ་ཚུགས་གྲབས་ཡོད་པ།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཧུར་ཐག་དང་རང་རྟོགས་ཀྱི་སྒོས་སྔ་སྣུར་དུ་ཐབས་ཇུས་འདིང་ནས། བརྒྱད་ཟིལ་ནས་མེན་ཉིང་གི་ལུའོ་པོ་སི་ལུང་པའི་བར་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་པར་ཕྱི་རོལ་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་གང་ཐུབ་བྱས་པ་རེད།

འཛུགས་སྐྲུན་གྱི་ཁོར་ཡུག་ཡག་པོ་བསྐྲུན། བརྒྱད་ཟིལ་ནས་ཉག་ཆུ་བར་གྱི་གཞུང་ལམ་རིམ་སྤར་དང་བསྒྱུར་བཀོད་ཀྱི་ཨར་ལས་ནི་ཁུལ་ཡོངས་ཀྱི་གཙོ་གནད་ཆེ་བའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་རྣམ་གྲངས25ནང་གི་ཡ་གྱལ་ཞིག་ཡིན། འཛུགས་སྐྲུན་རྣམ་གྲངས་དེ་ཆོག་མཆན་ཐོབ་པའི《སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི2013ལོ་ནས2015ལོའི་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་འཆར་གཞིའི》ནང་འཇོག་ཡོད་པ་དང་། ཨར་ལས་དེའི་རིང་ཚད་ཧྲིལ་པོར་སྤྱི་ལེ99.1ཡོད། རིམ་པ་གསུམ་ཅན་གྱི་གཞུང་ལམ་ལག་རྩལ་གྱི་དམིགས་ཚད་ལྟར་བསྐྱར་སྐྲུན་བྱེད་པ་དང་། གཞུང་ལམ་ཧྲིལ་པོར་སྣུམ་སྙིགས་ཨར་འདམ་བསྲེས་མ་སྤྱད་ནས་ལམ་ངོས་ལས་དགོས་ཤིང་། སྔོན་དཔག་ཚོད་རྩིས་བྱས་ན་སྒོར་དུང་ཕྱུར9.2གཏོང་འཇོག་བྱེད་དགོས་རྒྱུ་རེད། རྫོང་དང་ཁུལ་ཕྱིར་འགྲོ་སའི་གཞུང་ལམ་གཙོ་བོ་བྱས་ནས་བརྒྱད་ཟིལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འཛུགས་སྐྲུན་རྣམ་གྲངས་དེ་མིག་སྔར་རྫོང་ཡོངས་ཀྱི་ཆེས་ཆེ་བའི་དམངས་འཚོའི་ཨར་ལས་སུ་བརྩིས་ནས་འཛིན་པར་མ་ཟད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་གྲྭ་དང་པོའི་གྲས་སུ་འཇོག་པ་རེད། ཟླ་བ8པར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འགྲིམ་འགྲུལ་གཙོ་གནད་ཨར་ལས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་གྲོས་ཚོགས་འཚོགས་ནས། རྫོང་ཡོངས་ཀྱི་སྡེ་ཁག་སོ་སོ་དང་ཤང་དང་གྲོང་རྡལ་སོ་སོ་ལ་བརྒྱད་ཟིལ་ནས་ཉག་ཆུ་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱི་ཨར་ལས་ཞབས་ཞུ་བྱ་རྒྱུའི་ཐད་དམིགས་བསལ་གྱི་ལས་ཀར་དམིགས་བསལ་དུ་སྒྲུབ་གཉེར་བྱེད་པ་དང་། བརྒྱད་ཟིལ་ནས་ཉག་ཆུ་བར་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་པར་འགལ་རྐྱེན་བཟོ་མཁན་མཐའ་དག་ལ་བཟོད་སྒོམ་ཏོག་ཙམ་ཡང་མི་བྱས་པ་རེད།དུས་མཚུངས་སུ་རྫོང་དཔོན་གྱིས་བཀོད་འདོམས་དཔོན་པོ་བྱས་ནས་བརྒྱད་ཟིལ་ནས་ཉག་ཆུའི་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱི་མཐུན་སྦྱོར་བཀོད་འདོམས་པུའུ་འཛུགས་པ་དང་། མང་ཚོགས་ལས་ཀ་སྒྲུབ་མཁས་པའི་ལས་བྱེད་པ་འཐེན་ནས་མཐུན་སྦྱོར་ལས་ཀ་བསྒྲུབ་བཅུག་ནས།བརྒྱད་ཟིལ་ནས་ཉག་ཆུ་བར་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་པར་ཕྱིར་རོལ་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་གང་ཐུབ་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་པ་རེད།

ནུས་ཤུགས་གང་ཡོད་ཀྱིས་མཐུན་སྦྱོར་ལས་ཀ་ཡག་པོ་བསྒྲུབས། སྒུག་རྟེན་ལྟ་གསུམ་མི་བྱེད་པ་ནི་བརྒྱད་ཟིལ་རྫོང་གིས་བརྒྱད་ཟིལ་ནས་ཉག་ཆུ་བར་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་པ་དང་མཐུན་སྦྱོར་ལས་ཀ་སྒྲུབ་པའི་རྩ་དོན་ཡིན། ད་ལོའི་ཟླ་བ7པའི་ཚེས9ཉིན་བརྒྱད་ཟིལ་རྫོང་ཨུའི་ཧྲུའུ་ཅི་ཡིས་ཁུལ་འགྲིམ་འགྲུལ་དང་མ་རྩ་འཇོག་པའི་མཐུན་ཚོགས་ཚད་ཡོད་ཀུང་སི། ཞིང་ཆེན་འགྲིམ་འགྲུལ་ཐིང་གི་གཞུང་ལམ་འཆར་འགོད་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་། སི་ཁྲོན་ལམ་ཟམ་ཚོགས་པའི་འབྲེལ་ཡོད་མི་སྣ་སོགས་ཀྱིས་བརྒྱད་ཟིལ་ནས་ཉག་ཆུ་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱི་སྤྱིའི་ཇུས་འགོད་དང་། གཞུང་ལམ་གྱི་འཆར་འགོད་དང་ཨར་ལས་གཙོ་བོ་ལ་ཡུལ་དངོས་སུ་ཞིབ་འཇུག་བྱས་ནས་མཐར་ལག་བསྟར་འཆར་འགོད་གཏན་འབེབས་བྱས་པ་རེད། ཟླ་བ7པའི་ཚེས12ཉིན་རྫོང་དེའི་རྫོང་དཔོན་གྱིས་ཡང་དུ་ལས་སྒྲུབ་རུ་ཁག་སྣེ་ཁྲིད་དེ་མེན་ཉིང་རྫོང་དུ་ཕྱིན་ནས། རྫོང་གཉིས་ཀྱིས་དུས་མཉམ་དུ་ཞིང་ཆེན་རིམ་པའི་གཞུང་ལམ215པའི་ལམ་ཐིག་བསྐྱར་སྐྲུན་བྱེད་པའི་ལས་ཀའི་ཐད་གྲོང་བསྡུར་བྱས་སྟབས། རྫོང་གཉིས་ཀྱི་མངའ་ཁོངས་ནང་གི་ཞིང་ཆེན་རིམ་པའི་གཞུང་ལམ་རིམ་སྤར་དང་བསྒྱུར་བཀོད་ཀྱི་ཨར་ལས་འབྲེལ་མཐུད་བྱ་རྒྱུར་ཁག་ཐེག་བྱས་པ་རེད།

དུས་སྐབས་སྔོན་མའི་ལས་ཀ་སྔར་ཚེ་ནས་ཇུས་འགོད་བྱས། ཟླ་བ8པའི་ཚེས7ཉིན་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་། ཁུལ་འགྲིམ་འགྲུལ་དང་མ་འཇོག་མཐུན་ཚོགས་ཀྱི་ཚད་ཡོད་ཀུང་སི། ཁུལ་མཉམ་འབྲེལ་གློག་དྲ་ཆ་འཕྲིན་མ་རྐང་ཚད་ཡོད་ཀུང་སིའི་འགན་ཁུར་མི་སྣ་སོགས་ཀྱིས་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་དང་། བརྒྱད་ཟིལ་ནས་ཉག་ཆུ་བར་གྱི་གཞུང་ལམ་གྱི་གློག་ཤིང་དང་གློག་སྐུད་སྤོ་བ་དང་བསྒྱུར་བཀོད་ལས་ཀ་སྒྲུབ་སྟངས་ལ་ཆེད་དོན་ཞིབ་འཇུག་བྱས་ནས། མིག་སྔར་གློག་ཤིང་དང་གློག་སྐུད་སྤོ་བ་དང་བསྒྱུར་བཀོད་བྱེད་པའི་ལས་ཀ་དེ་གོ་རིམ་ལྡན་པའི་སྒོས་བསྒྲུབ་བཞིན་པ་རེད།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག