མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཧར་པིན་དགེ་འོས་སློབ་གྲྭ་ཆེན་མོས་ལི་རྫོང་ལ་ཨང་ལྔ་བའི་དགེ་རྒན་དང་སློབ་མའི་གྲུབ་འབྲས་ལེགས་ཐོན་གྱི་བྱ་དགའ་ཞལ་འདེབས་སུ་ཕུལ་བ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-10-30 11:31

                    ཞལ་འདེབས་ཕུལ་བའི་མཛད་སྒོ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཧར་པིན་དགེ་འོས་སློབ་གྲྭ་ཆེན་མོས་སི་ཁྲོན་རྔ་བ་བོདརིགས་ཆའང་རིགས་ལི་རྫོང་གི་སློབ་གསོ་ཐད་རོགས་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་ལི་རྫོང་གི་སློབ་གསོ་ཅུའུ་ནས་བསྡུས། ཚོགས་ཐོག་ནས་ཧར་པིན་དགེ་འོས་སློབ་གྲྭ་ཆེན་མོས་ལི་རྫོང་ལ་ཨང་ལྔ་བའི་དགེ་རྒན་དང་སློབ་མའི་གྲུབ་འབྲས་ལེགས་ཐོན་གྱི་བྱ་དགའ་སྒོར་ཁྲི10ཞལ་འདེབས་སུ་ཕུལ། ཧར་པིན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཙང་ཧྲུའུ་དབྱིན་དང་ལི་རྫོང་གི་རྫོང་དཔོན་གཞོན་པ་ཁྲང་ཝང་མིང་། དེ་མིན་ལི་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཁྲང་ཧུ་ཕིན་དང་བྱ་དགའ་དངུལ་འདི་ཐོབ་མཁན་གྱི་དགེ་སློབ་འཐུས་ཚབ་པས་སོ་སོར་གཏམ་བཤད་གནང་བ་རེད།

2009ལོར་ཧར་པིན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་སློབ་ཚང་མས་སྒོར་ཁྲི100ཞལ་འདེབས་སུ་ཕུལ་ནས་ལི་རྫོང་དུ“ཧར་པིན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་དང་སློབ་མའི་གྲུབ་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”བཙུགས་ཤིང་། འཆར་གཞི་ནི་བསྟུད་མར་ལོ་ངོ10རིང་ལོ་རེར་ལི་རྫོང་ལ་སྒོར་ཁྲི10རེ་ཞལ་འདེབས་སུ་ཕུལ་ནས་སྤྱོད་ཡོན་གཉིས་ལེགས་པའི་སློབ་མ་དང་གྲུབ་འབྲས་འབུར་དུ་ཐོན་པའི་དགེ་རྒན་བཅས་ལ་རོགས་སྐྱོར་དང་བྱ་དགའ་སྟེར་རྒྱུ་དེ་རེད།མིག་སྔའི་བར་དགེ་རྒན80དང་སློབ་མ280ལ་རོགས་སྐྱོར་དང་བྱ་དགའ་བྱིན་པས། ལི་རྫོང་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་གོང་དུ་སྤེལ་བར་ཧུར་ཐག་གིས་ནུས་པ་ཐོན་ཡོད་པ་རེད།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག