མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཉག་རོང་རྫོང་སྲིད་གྲོས་ཀྱིས་ཞིང་ཆེན་གཞུང་ལམ217ཉག་རོང་ས་ཁུལ་གྱི་ཨར་ལས་འཛུགས་བསྐྲུན་སྐོར་གཟིགས་ཞིབ་བྱས།

རྩོམ་པ་པོ། ཡེ་ཤེས་ལྷ་མོ།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-30 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་སྲིད་གྲོས་ཀྱིས་ཁུལ་རྫོང་གི་སྲིད་གྲོས་ཨུ་ཡོན20དང་འབྲེལ་ཡོད་སྡེ་ཁག་0ལྷག་ཙམ་གྱི་ཆེད་ལས་མི་སྣ་རྩ་འཛུགས་བྱས་ནས་ཞིང་ཆེན་གྱི་གཞུང་ལམ217དཀར་མཛེས་ནས་ཉག་རོང་བར་མཚམས་ཀྱི་གཞུང་ལམ་ཨར་ལས་འཛུགས་སྐྲུན་སྐོར་གཟིགས་ཞིབ་བྱས་པ་རེད།ཐེངས་འདིར་གཟིགས་ཞིབ་བྱ་རྒྱུ་གཙོ་བོ་ནི་ཨར་ལས་སྡེ་ཚན་ཕྱོགས་ཀྱི་རྩ་འཛུགས་དང་འཛུགས་སྐྲུན་བྱེད་ཚུལ་སྐོར་དོན་ཚན5དང་།ཨར་ལས་ཆོག་མཆན་སྐོར་གྱི་དོན་ཚན11ཨར་ལས་སྡེ་ཚན་གྱི་ཡོ་བྱད་འཕྲུལ་ཆ་དང་ཨར་ལས་སྒྲིག་ཆས་སོགས་སྔོན་སུས་འཇོན་དེ་འགུག་བྱས་ཏེ་ཡིག་ཆ་ཐོག་སྒྲུབ་རྒྱུ་ཁས་ལེན་པ་དང་མཐུན་མིན་ལྟ་བ། ཨར་ལས་མྱུར་ཚད་སྐོར་དོན་ཚན3 ཁོར་ཡུག་སྲུང་སྐྱོང་སྐོར་དོན་ཚན9 བདེ་སྲུང་ཨར་ལས་སྐོར་དོན་ཚན217 ཨར་ལས་ལྟ་ཞིབ་དོ་དམ་སྐོར་དོན་ཚན21 ཨར་ལས་ལས་འགོ་མ་འཛུགས་སྔོན་གྱི་ལས་ཀ་སྐོར་དོན་ཚན7ཨར་ལས་དོ་དམ་སྐོར་གྱི་དོན་ཚན19 འཆར་འགོད་སྡེ་ཚན་གྱིས་ཨར་ལས་འཆར་འགོད་ཀྱི་རི་མོ་དང་ཐོག་མའི་འཆར་གཞིར་ཞིབ་དཔྱོད་བྱས་ནས་མཆན་འགོད་བཀའ་ལན་བྱས་པའི་ཡིག་ཆ་སོགས་ལ་ལྟ་ཞིབ་གཏིང་ཟབ་བྱས་པ་རེད།གཟིགས་ཞིབ་བྱས་རྗེས་ཨུ་ཡོན་དང་འབྲེལ་ཡོད་ཀྱི་ཆེད་ལས་མི་སྣ་རྣམས་མཉམ་དུ་འདུས་ནས་འདང་ས་དང་མི་འདང་ས་ཕྱོགས་བསྡོམས་བྱས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག