མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

རོང་བྲག་རྫོང་གིས་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་སྙིང་དོན་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུ་གཙོ་ཆེ་འཛིན།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-30 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་དང་རྫོང་ཨུའི་འབྲེལ་ཡོད་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པར་དོ་དམ་བྱེད་པའི་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་པར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས། ཧུར་ཐག་གིས་ཆོས་ལུགས་ལས་རིགས་ཀྱིས་བསམ་བློའི་ཐད་ཏང་དང་བློ་སེམས་གཅིག་མཐུན་ཡོང་བ་དང་། དམིགས་ཡུལ་ཐད་བློ་སེམས་མཉམ་གཏད། བྱ་སྤྱོད་ཐད་བློ་སེམས་གཅིག་མཐུན་དང་བྱ་སྤྱོད་མཉམ་སྤེལ་གྱི་དམིགས་ཡུལ་མངོན་འགྱུར་ཡོང་ཆེད། ཉེ་ཆར། རོང་བྲག་རྫོང་ཁོར་ཡུལ་སྲུང་སྐྱོང་ཅུས་ཀྱིས་ལས་བྱེད་པ་དང་ལས་བཟོ་ཡོངས་རྫོགས་སྒྲིག་འཛུགས་བྱས་ནས《ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པ་དོ་དམ་བྱེད་པའི་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ལས་ཀ་དངོས་བཀོད་སྒྲིག་བྱས་པ་རེད།

ཅུས་དེས་ལས་བྱེད་པ་དང་ལས་བཟོ་ཡོངས་རྫོགས་ལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པ་དོ་དམ་བྱེད་པའི་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་རྒྱུའི་གལ་ཆེའི་རང་བཞིན་ལ་ཤེས་རྟོགས་ཟབ་མོ་བྱེད་པའི་ལས་ཀ་སྤེལ་བ་དང་། ནན་ཏན་གྱིས་ཁུལ་ཨུ་དང་རྫོང་ཨུས་དགོན་པར་སྤྱི་ཚོགས་ཅན་གྱི་དོ་དམ་བྱེད་པའི་ལས་ཀའི་བླང་བྱ་ལྟར། གཙོ་གནད་མངོན་བསལ་དང་འགན་འཁྲི་དོན་འཁྱོལ་བྱས་ཏེ་ལས་ཀ་དོན་ཐོག་ཏུ་འཁྱོལ་ཐུབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

སློབ་སྦྱོང་བྱས་པར་བརྒྱུད། ལས་བྱེད་པ་དང་ལས་བཟོའི་བསམ་པ་སྔར་ལྷག་གིས་གཅིག་གྱུར་ཡོང་བ་དང་། འགན་འཁྲིའི་འདུ་ཤེས་དང་ཛ་དྲག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པར་དོ་དམ་བྱེད་པའི་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་པར་བསམ་བློའི་རྨང་གཞི་བཟང་པོ་བཏིང་བ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག