མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལྷ་རི་མ་ཤང་གིས་གློག་ནུས་མཁའ་ལམ་གྱི་ལས་གྲྭར་མཐུན་སྦྱོར་དང་ཞབས་ཞུ་བྱས།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-30 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། གློག་ནུས་མཁའ་ལམ་ལས་གྲྭ་བདེ་བླག་ངང་འགྲུབ་ཐུབ་པར་ཁག་ཐེག་བྱེད་ཆེད། ཉག་རོང་རྫོང་ལྷ་རི་མ་ཤང་གིས་གློག་ནུས་མཁའ་ལམ་གྱི་ལས་གྲྭའི་མཐུན་སྦྱོར་གྲོས་ཚོགས་འཚོགས་པ་རེད།

གྲོས་ཚོགས་ཐོག་ཚོགས་ཞུགས་མི་སྣ་ལ་ངེས་པར་དུ་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་མཐུན་སྦྱོར་དང་ཞབས་ཞུའི་ལས་ཀ་ངེས་པར་དུ་དོན་ཐོག་ཏུ་འཁྱོལ་བ་དང་། དྲིལ་བསྒྲགས་བྱ་རྒྱུར་ངེས་པར་དུ་ཤུགས་སྣོན་རྒྱག་པ།ཁོར་ཡུག་ལེགས་བཅོས་བྱ་རྒྱུ་ངེས་པར་དུ་སྟོབས་ལྡན་ཡོང་བ་བཅས་བྱེད་པ་དང་ཆབས་ཅིག འབྲེལ་ཡོད་འགན་འཁྲི་ཡི་གེ་གཏན་འབེབས་བྱེད་པ་དང་ཨར་ལས་ལ་བཀག་འགོག་བྱེད་པར་འབྲེལ་ཡོད་ཉེས་གཅོད་དང་བལྟོས་བཅས་ཀྱི་བྱེད་ཐབས་གསལ་པོ་བྱས་ནས། ལས་ཀ་བཀག་འགོག་བྱེད་མཁན་དང་། རྐུ་འཕྲོག་བྱེད་མཁན། བྱུར་རྐྱེན་བཟོ་མཁན་བཅས་མེད་པ་བྱེད་པའི་དམིགས་ཡུལ་མངོན་འགྱུར་ཡོང་བར་ཁག་ཐེག་བྱས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག