མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ངོ་མཚར་ཆེ་བའི་གློག་ཤུགས་མཁའ་ལམ་ལས་གྲྭས་དཀར་མཛེས་ཁུལ་ཡོངས་སུ་གསལ།

རྩོམ་པ་པོ། སྐལ་ཐུབ་ཀྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-28 10:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་9པའི་ཟླ་མཇུག་བར་དུ་བསླེབས་དུས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་་ཁུལ་གྱི་གློག་ཤུགས་མཁའ་ལམ་ལས་གྲྭར་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར16ཙམ་བྱས་པ་རེད། དེའི་ནང་རོང་བྲག་རྫོང་གི་སྟོང་ཝ500ཅན་གྱི་གློག་འདྲེན་བསྒྱུར་ཨར་ལས་དེ་ཟླ་བ10པའི་ཚེས20ཡས་མས་སུ་བེད་སྤྱོད་གཏོང་ཆོག་པ་དང་། ཕྱག་ཕྲེང་རྫོང་གི་སྟོང་ཝ500ཅན་གྱི་གློག་འདྲེན་བསྒྱུར་ཨར་ལས་དེ་ཟླ་བ11པའི་ཟླ་གཞུང་ལ་བེད་སྤྱོད་བྱ་ཐུབ་ཅིང་། ར་རྔ་ཁའི་སྟོང་ཝ500ཅན་དང་། ཉག་ཆུ་རྫོང་དང་སྡེ་རོང་རྫོང་ཛེའུ་ཤང་གི་སྟོང་ཝ220ཅན། མདོ་གྲོང་གསར་པ་དང་། ཕྱག་ཕྲེང་། འདབ་པ། ཉག་ཆུ། དཔལ་ཡུལ། གསེར་ཐར་རྫོང་གི་དབང་མདའ། བྲག་འགོ་བཅས་ཀྱི་གློག་སྟོང་ཝ110ཅན་གྱི་གློག་འདྲེན་བསྒྱུར་ཨར་ལས་རྣམས་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་ཚོད་དཔག་བྱས་ན2014ལོའི་ལོ་མཇུག་ལ་ལེགས་གྲུབ་བྱུང་ནས་བེད་སྤྱོད་ཆོག་པ་རེད།

འབྱུང་འགྱུར་ལོ་གསུམ་ནང་དུ་དཀར་མཛེས་ཁུལ་གྱིས་གློག་ཤུགས་མཁའ་ལམ་ཨར་ལས་འཛུགས་སྐྲུན་ཐད་མ་དངུལ་བསྡོམས་འབོར་ཧ་ལམ་སྒོར་དུང་ཕྱུར175གཏོང་འཇོག་བྱ་རྒྱུ་ཡིན་ཞིང་། སྟོང་ཝ500ཅན9དང་། 220ཅན4 ། 110ཅན20 །35ཅན206བཅས་ཀྱི་གློག་འདྲེན་བསྒྱུར་ཨར་ལས་ལེགས་གྲུབ་བྱས་ཏེ་ཁུལ་ཡོངས་ཀྱི་གློག་མེད་ཤང221དང་གློག་མེད་གྲོང་སྡེ1227 ཞིང་འབྲོག་མང་ཚོགས་ཁྲི24ཡི་གློག་སྤྱོད་རྒྱུའི་གནད་དོན་ཐག་གཅོད་བྱ་ཐུབ་རྒྱུ་རེད།

ད་ལོར་སྟོང་ཝ500ཅན་གྱི་གློག་འདྲེན་བསྒྱུར་ཨར་ལས3དང་། 220ཅན2 ། 110ཅན8བཅས་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་སང་ལོར་སྟོང་ཝ500ཅན་གྱི་གློག་འདྲེན་བསྒྱུར་ཨར་ལས2དང་། 110ཅན11བཅས་བསྐྲུན་འགོ་ཚུགས་རྒྱུ་ཡིན་ལ། ལོ་གཉིས་ཀྱི་ནང་ཚུད་མ་དངུལ་སྒོར་དུང་ཕྱུར38.8གཏོང་འཇོག་བྱས་ཏེ་ཁུལ་ཡོངས་ཀྱི་གློག་མེད་དུད་ཚང་ཁྲི3.93དང་། གློག་མེད་མི་གྲངས་ཁྲི18.77གྱི་གློག་སྤྱོད་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གིས་དཀར་མཛེས་ཁུལ་ལ་ཁས་ལེན་བྱས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག