མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

འབའ་ཐང་རྫོང་གིས་དགོན་པའི་སྒྲིག་ཆས་ལེགས་བཅོས་བྱས་ཏེ་གྲྭ་བཙུན་ལ་ཞབས་ཕྱི་བསྒྲུབས།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-28 10:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་གིས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཏེ་དམིགས་སུ་བཀར་ནས་གྲྭ་བཙུན་ལ་ཞབས་ཕྱི་བསྒྲུབས་པ་དང་། ནུས་ཤུགས་གང་ཡོད་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པར་དོ་དམ་བྱེད་པར་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ཡོད། བྱེད་ཐབས་ཞིབ་ཕྲ་བྱས་པ་དང་ལམ་ལུགས་འཛུགས་སྐྲུན་ལ་བརྟེན་ནས་ལས་ཀར་དམ་འཛིན་བྱས་ཏེ་གཞི་རྩའི་ཐོག་རིམ་བགོས་འགན་ཁུར། མངའ་ཁོངས་ནང་ཁུལ་དོ་དམ་དང་མཉམ་དུ་དོ་དམ་བྱེད་པའི་ལས་ཀའི་རྣམ་པར་ཆགས་པ་རེད།

རྫོང་དེས་དྲིལ་སྒྲགས་བྱེད་ཤུགས་ཆེ་རུ་གཏོང་བར་བརྒྱུད།ཏང་གི་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་བཅས་མི་སེམས་ལ་འཇུག་པ་བྱས་ཡོད། དགོན་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མུ་མཐུད་དེ་དགོན་པའི་དཔེ་མཛོད་ཁང་དང་བྱེད་སྒོ་སྤེལ་ཁང་གི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་དང་། རིན་པ་མི་དགོས་ནས་དཔེ་ཆ་དང་། ཚགས་པར། དུས་དེབ་སོགས་དགོན་པ་བསྐྱལ་བས་གྲྭ་བཙུན་གྱི་ལས་ཞོར་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་པ་བྱས་ཡོད། སྔོན་རྗེས་སུ་རྫོང་ཁོངས་ནང་གི་དགོན་པ་སོ་སོར་ཕྱིན་ནས་ཁྲིམས་ལུགས་ཀྱི་ཆེད་དོན་འཆད་ཁྲིད་ཐེངས19བྱས་པ་དང་། ད་ལོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི287.5བཏང་ནས་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ལས་ཀའི་གྲོན་དངུལ་དང་། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཚོགས། དགོན་པའི་དོ་དམ་ཁང་གི་ལས་བྱེད་པ་སོགས་ལ་དམིགས་བསལ་ལས་རྐང་གི་ཁ་གསབ་རོགས་དངུལ་དང་། དགོན་པའི་དོ་དམ་ལྷན་ཚོགས་ཀྱི་གྲྭ་བཙུན་མི་སྣ་ལ་ཁ་གསབ་རོགས་དངུལ་དང་ཆོས་ལུགས་མི་སྣའི་གསོ་སྦྱོང་གྲོན་དངུལ་སོགས་ཀྱི་འགྲོ་གྲོན་བྱས་ཡོད། ཕྱིན་ཆད་གྲོན་དངུལ་དེ་ལོ་རེའི་ནོར་སྲིད་སྔོན་རྩིས་ནང་འཇོག་རྒྱུ་ཡིན་པ་རེད། དབང་པོ་སྐྱོན་ཅན་དང་། ནད་མང་མཁན། དཀའ་ངལ་ཡོད་མཁན་གྲྭ་བཙུན་སོགས་སྔོན་དུ་རོགས་སྐྱོར་བྱ་ཡུལ་གྱི་གྲས་སུ་བཞག་པར་མ་ཟད། ཁོ་ཚོ་ལ་སྨན་བཅོས་ཉེན་འགོག་འགན་སྲུང་དང་རྒན་གསོ་ཉེན་འགོག་འགན་སྲུང་སོགས་ཀྱི་འགན་སྲུང་ཉོས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག