མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལྕགས་ཟམ་རྫོང་གིས་ཀུན་བྱམས་ཁྱིམ་གཞིས་ཀྱི་རྣམ་གྲངས་མཛད་སྒོ་སྤེལ་འགོ་ཚུགས།

རྩོམ་པ་པོ། ཀུན་དགས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-28 09:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་ལེང་ཅི་གྲོང་བརྡལ་གྱི་མཐུན་སྒྲིལ་གྲོང་སྡེ་དང་ཚུ་ཉི་ཤང་གི་ཅིང་ཅི་པ་གྲོང་སྡེ་གཉིས་ཀྱི་རྒྱ་གྲམ་དམར་པོའི་ཨ་རིའི་ཀུན་བྱམས་ཁྱིམ་གཞིས་ཀྱི་རྣམ་གྲངས་མཛད་སྒོ་དེ་ཚུ་ཉི་ཤང་དུ་སྤེལ་བ་རེད།

ཀུན་བྱམས་ཁྱིམ་གཞིས་རྣམ་གྲངས་ནི་རྒྱ་གྲམ་དམར་པོའི་ལྷན་ཚོགས་ཀྱི་དམངས་འཚོ་ལས་གྲྭར་དོ་ཁུར་བྱེད་པའི་སྤྱི་ཕན་ཁྱད་རྟགས་གྲགས་ཅན་ཞིག་ཡིན་ལ་ཀྲུང་གོའི་རྒྱ་གྲམ་དམར་པོའི་ལྷན་ཚོགས་ཀྱིས་ལོ་མང་པོའི་རིང་རྣམ་གྲངས་ཉམས་མྱོང་གསོག་འཇོག་བྱས་པའི་རྨང་གཞིའི་ཐོག་རྒྱ་གྲངས་དམར་པོའི་ལྷན་ཚོགས་ཀྱི་ལྟེ་བའི་ལས་སྒོ་ལ་དམིགས་ནས། རྒྱལ་སྤྱིའི་རྣམ་གྲངས་ཀྱི་སྔོན་ཐོན་འདུ་ཤེས་ལ་དཔྱད་གཞིར་འཛིན་པ་དང་གྲོང་ཁུལ་དུ་ལས་དོན་བསྒྲུབ་ས་བྱས་ནས་རང་བདག་ཇུས་འགོད་དང་།ལག་བསྟར། དོ་དམ་བཅས་བྱེད་པའི་ཕྱོགས་བསྡོམས་རང་བཞིན་གྱི་འཕེལ་རྒྱས་ཅན་གྱི་རྣམ་གྲངས་ཤིག་ཀྱང་ཡིན། རྣམ་གྲངས་དེའི་ནང་གཙོ་བོ་རྩ་འཛུགས་ཀྱི་འཕེལ་རྒྱས་དང་ཕྱིའི་ཆ་རྐྱེན། ནང་གི་ཆ་རྐྱེན། འཚོ་ཇུས་འཕེལ་རྒྱས་གཏོང་རྒྱུ་བཅས་ནང་དོན་བཞི་པོ་འདུས་ཡོད་པ་དང་། གྲོང་ཁུལ་དུ་རྒྱ་གྲམ་དམར་པོའི་གཞི་རིམ་རྩ་འཛུགས་འཛུགས་གཉེར་བྱས་ཏེ་རྒྱ་གྲམ་དམར་པོའི་ཁྱད་ཆོས་ལྡན་པའི་གནོད་འགོག་གནོད་སེལ་དང་འཕྲོད་བསྟེན་ཉེན་མེད་སོགས་ཀྱི་ཞབས་ཕྱིའི་ལས་ཀ་སྤེལ་བ་དང་།དམངས་ཕན་སྒྲིག་ཆས་བསྐྲུན་ནས་འཚོ་ཇུས་འཕེལ་རྒྱས་བཏང་ནས། གྲོང་པ་དང་ཚོ་ཆུང་གི་རང་ཉིད་འཕེལ་རྒྱས་བཏང་བའི་ཕྱོགས་བསྡུས་ནུས་ཤུགས་ཇེ་དྲག་ཏུ་གཏོང་རྒྱུའི་དམིགས་ཡུལ་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ལྕགས་ཟམ་རྫོང་ལེང་ཅི་གྲོང་བརྡལ་མཐུན་སྒྲིལ་གྲོང་སྡེ་དང་།ཚུ་ཉི་ཤང་ཅིང་ཅི་པ་གྲོང་སྡེའི་རྒྱ་གྲམ་དམར་པོའི་ཨ་རིའི་ཀུན་བྱམས་ཁྱིམ་གཞིས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་ཡས་ལ་སྒོར་ཁྲི90དགོས་པ་དེ་ཚང་མ་ཨ་རིའི་རྒྱ་གྲམ་དམར་པོ་ཚོགས་པས་རོགས་སྐྱོར་བྱས་པ་རེད། རྣམ་གྲངས་དེར་ལེང་ཅི་གྲོང་བརྡལ་དང་ཚུ་ཉི་ཤང་དུ་རྒྱ་གྲམ་དམར་པོའི་ཁྱད་ཆོས་ལྡན་པའི་གནོད་འགོག་གནོད་སེལ་དང་།བབ་བསྟུན་སྨན་བཅོས་སྲོག་སྐྱོབ། སྲོག་ཉེན་གཡོལ་ཐབས། རང་སྐྱོབ་དང་སྐྱོབ་རེས་སོགས་ཀྱི་བྱེད་སྒོ་སྤེལ་ནས། སྔར་ལྷག་གིས་མང་ཚོགས་ཀྱི་སྲོག་ཉེར་ལས་གཡོལ་ཐབས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བ་དང་ཆབས་ཅིག ད་དུང་ཡུལ་བབ་དང་བསྟུན་ནས་གནོད་སྐྱོན་གཡོལ་ས་ཆུང་གྲས་རབ་དང་རིམ་པ་གསར་འཛུགས་བྱ་རྒྱུ་དང་།རོགས་སྐྱོར་ཐེབས་རྩ་འཛུགས་གཉེར་བྱས་ཏེ་གྲོང་སྡེའི་རྩ་འཛུགས་དང་ཚོ་ཆུང་གི་ནང་གཉེར་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། གྲོང་སྡེ་དང་ཚོ་ཆུང་གི་རང་ཉིད་འཕེལ་རྒྱས་གཏོང་བའི་ཕྱོགས་བསྡུས་དངོས་ཤུགས་མཐོར་འདེགས་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་གོ་རིམ་ལྡན་པའི་སྒོས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག