མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལི་ཐང་རྫོང་གིས་སྤྱི་ཚོགས་འགན་སྲུང་ལས་ཀ་དམ་འཛིན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔའི་བར་དུ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གི་རྣམ་པ་གསར་པའི་ཞིང་སྡེ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་སྤྱི་ཚོགས་རྒན་གསོ་ཉེན་འགོག་ནང་ཞུགས་པའི་མི14673ཡོད་པས།དམིགས་ཡུལ་ལས་འགན་གྱི105%སྒྲུབ་ཚར། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་རྒན་གསོ་ནང་ཞུགས་པའི་མི1123ཡོད་པས།དམིགས་ཡུལ་ལས་འགན་གྱི102%སྒྲུབ་ཚར། རྣམ་པ་གསར་པའི་ཞིང་སྡེ་མཉམ་ལས་སྨན་བཅོས་ནང་ཞུགས་པའི་མི་ཁྲི5.72ཡོད་པས། མཉམ་ལས་སྨན་བཅོས་ནང་ཞུགས་པའི་ཚད97.1%ལ་སླེབས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩ་སྨན་བཅོས་རྒན་གསོ་མ་དངུལ་སྒོར་ཁྲི469.41བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་གཞི་རྩ་སྨན་བཅོས་རྒན་གསོ་མ་དངུལ་སྒོར་ཁྲི17.16བཏང་། ཞིང་སྡེའི་རྣམ་པ་གསར་པའི་མཉམ་ལས་སྨན་བཅོས་མ་དངུལ་སྒོར་ཁྲི175.98བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག