མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་དེ2013ལོར་ཀོང་ཏུང་བ་ཆེས་དགའ་བའི་ལྗོངས་རྒྱུའི་དམིགས་ཡུལ་གྱི་ས་གནས་ལ་དཔྱད་འདེམས་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 10:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་སྤེལ་བའི2013ལོར་ཀྲུང་གོ(ཀོང་ཏུང)རྒྱལ་སྤྱིའི་ལྗོངས་རྒྱུ་ཐོན་ལས་དངོས་མང་སྟོན་ཚོགས་ཐོག་ཏུ་ལྷོ་ཕྱོགས་གྲོང་ཁྱེར་གྱི་སྨྱན་སྦྱོར་ཡོངས་རྫོགས་འདུས་འཛོམས་བྱས་ཏེ་ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་དང་ཏ་ཨོ་དྲ་བ། ཧོང་ཧྲན་གཟའ་འཁོར་ཚགས་པར་སོགས་སྨྱན་སྦྱོར་ལས་ཁུངས་མཉམ་འབྲེལ་བྱས་ཏེ་རང་ཁུལ་དེ“2013ལོར་ཀོང་ཏུང་མི་སྣས་ཆེས་དགའ་བའི་ལྗོངས་རྒྱུའི་དམིགས་གྱི་ཡུལ་ས་གནས”ལ་དཔྱད་འདེམས་བྱས་པ་རེད།

སི་ཁྲོན་བོད་ཁུལ་གྱི་ལྗོངས་རྒྱུའི་ཐོན་ལས་དེ་ཀྲུའུ་སན་ཇོ་ས་ཁུལ་དུ་དྲིལ་བསྒྲགས་དང་ཕྱིར་འཚོང་བྱེད་ཤུགས་ཆེ་རུ་བཏང་ནས། སི་ཁྲོན་ཞིང་ཆེན་ལྗོངས་རྒྱུ་ཅུས་ཀྱིས“ཁྱེད་ཡོད་ན་སི་ཁྲོན་དེ་བས་མཛེས”ཞེས་པ་ཡིས་བརྗོད་བྱ་གཙོ་བོ་བྱས་ཏེ་རྔ་བ་དང་དཀར་མཛེས་ཁུལ་གཉིས་སྒྲིག་འཛུགས་བྱས་ཏེ་ལྗོངས་རྒྱུའི་སྲིད་འཛིན་དང་ཁེ་ལས། དོན་ལས་སྡེ་ཚན་སོགས་ཚོགས་འདུར་ཞུགས་པ་དང་། ཁུལ་ལྗོངས་རྒྱུ་ཅུས་ཀྱིས་ཚོགས་རའི་འགྲེམ་སྟོན་བཀོད་སྒྲིག་ལ་སྒྲུབ་གཉེར་བྱེད་འགན་འཁུར་བ་དང་སི་ཁྲོན་ལྗོངས་རྒྱུའི་མ་དངུལ་གཏོང་འཇོག་རྣམ་གྲངས་བརྗེ་རེས་ཚོགས་འདུ་འཚོགས་ཏེ་སི་ཁྲོན་འཐུས་མི་ཚོགས་པར་ལྗོངས་རྒྱུ་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་རེད།

དངོས་མང་སྟོན་ཚོགས་སྤེལ་བའི་རིང་ལ། ཁུལ་ལྗོངས་རྒྱུ་ཅུས་ཀྱིས་འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་དང་དར་མདོའི་གནམ་གྲུ་ཐང་སྤྱི་གཉེར་ཁང་། མི་རྒོད་མཚོ་མཛེས་ལྗོངས་ས་ཁུལ། རོང་བྲག་རྫོང་ལྗོངས་རྒྱུ་ཅུས་སོགས་ལྗོངས་རྒྱུ་ལས་རིགས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་དང་ཁེ་ལས་། དོན་ལས་སོགས་ཀྱི་ལས་ཁུངས་ལ“འཛུགས་སྐྲུན་ཁྲོད་ཀྱི་ཉི་སྟེང་གི་འབྱུང་འགྱུར་འོད་སྟོང་འབར”ཞེས་པར་དམིགས་ནས་ལས་ཡུལ་དངོས་སུ་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་ལས་རིགས་ནང་ཁུལ་མི་སྣས་མཐོང་ཆེན་བྱས་པ་དང་ཀོང་ཀྲུའུ་མི་དམངས་ཀྱི་ཡིད་དབང་འགུག་པ་རེད། བྱེད་སྒོ་དེར་དཀར་མཛེས་ལྗོངས་རྒྱུ་དྲིལ་བསྒྲགས་ཡིག་ཆ་དང་ལྗོངས་རྒྱུའི་པར་རིས། ལྗོངས་རྒྱུའི་ས་ཁྲ། ལྗོངས་རྒྱུའི་ཕྱོགས་སྟོན། དྲིལ་བསྒྲགས་འོར་སྡེར་བཅས་དྲིལ་བསྒྲགས་དངོས་པོ་དང་དྲིལ་བསྒྲགས་ཀློག་དེབ10000ལྷག་འགྲེམ་གཏོང་བྱས་ཏེ་བློ་འདྲི་བྱེད་མཁན་གྱི་མིའི་ཐེངས་གྲངས500ལ་སླེབས་པ་དང་མཛེས་སྡུག་རྣམ་པ་བཀྲ་བའི་དཀར་མཛེས་ཁུལ་གྱི་སྙན་གྲགས་མཐོར་འདེགས་བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག