མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལོ་སྟོད་དུ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་ཡག་པོ་ཡིན་པ།

རྩོམ་པ་པོ། སྒྲོལ་མ་ཚེ་མཚོས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-24 09:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་སྟོད་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་ཡག་པོ་ཡིན་པ་རེད།དམིགས་ཚད་གཙོ་བོའི་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚོད་ལས་མངོན་གསལ་དུ་མགྱོགས་པོ་ཡིན་པ་རེད།

ཉེ་ཆར་གསར་འགོད་པས2013ལོའི་ལོ་སྟོད་ཀྱི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་གནས་ཚུལ་གྱི་གསར་འགྱུར་འགྲེམས་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་རྒྱུར།ད་ལོ་ནས་བཟུང་།ཁུལ་ཨུ་དང་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རྒྱལ་ཁབ་ཀྱི་རེས་གསར་པའི་ནུབ་རྒྱུད་གསར་སྦོལ་ཆེན་པོ་དང་།ཞིང་ཆེན་ཏང་ཨུ་དང་།ཞིང་ཆེན་སྲིད་གཞུང་གིས་ཤུགས་ཆེན་པོས་མི་རིགས་ས་ཁུལ་གྱི་མཆོང་བརྒལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་གལ་འགངས་ཆེ་བའི་གོ་སྐབས་དམ་འཛིན་བྱས་ནས་ཤུགས་ཆེན་པོས་མ་དངུལ་སྐུལ་འཐེན་དང་།ཐོན་ལས་ལ་རྒྱབ་སྐྱོར།ཤུགས་ཆེན་པོས་དཔལ་འབྱོར་གཏོར་བརྒལ་ཡོང་ཐུབ་པ་ལག་བསྟར།མཐུན་རྐྱེན་འདོན་སྤེལ།བྱེད་ཐབས་གསར་སྣོན།མི་མངོན་པའི་ནུས་ཤུགས་སྔོགས་འདོན།ལས་ཀ་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས།ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་བསྲིང་བརྟན་བརླིང་ངང་འཕར་སྣོན་ཅུང་མགྱོ གས་པོ་བྱུང་ནས་ལོ་སྟོད་དུ་དཔལ་འབྱོར་འཁོར་སྐྱོད་བྱ་རྒྱུ་ཐད་ཀྱི་གཙོ་བོ་དམིགས་ཚད་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མངོན་གསལ་དུ་མགྱོ གས་སུ་ཕྱིན་པའི་གནས་ཚུལ་ཐོན་པ་རེད།ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་རྗེས།ལོ་སྟོད་དུ་ཁུལ་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར(རྒྱལ་ནང་གི་ཐོན་རྫས་རིན་ཐང)སྒོར་དུང་ཕྱུར67.33ཡོད་པས་ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ11.1འཕར་བ།མྱུར་འཕར་བྱུང་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ3.5མགྱོ གས་པ།དཔལ་འབྱོར་འཕར་སྣོན་བྱུང་ཚད་མུ་མཐུད་དེ་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆ་གཅིག་མགྱོ གས་པར་སྲུང་འཛིན་བྱས།དཔལ་འབྱོར་འཕར་སྣོན་མུ་མཐུད་སྲུང་འཛིན་བྱེད་ཚད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མྱུར་འཕར་བྱུང་ཚད་ལས་མཐོ་ཞིང་།ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ21གི་ཨང8པའི་མྱུར་དེད་མཆོང་བརྒལ་འཕེལ་རྒྱས་ཀྱི་གནས་ཚུལ་བྱུང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག