མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སི་ཁྲོན་མི་རིགས་སློབ་གླིང་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གཉིས་ཀྱིས་གསར་འགྱུར་ལག་ལེན་གསོ་སྦྱོང་རྟེན་གཞི་མཉམ་འཛུགས་བྱ་རྒྱུ།

རྩོམ་པ་པོ། ལྷ་འཛོམས་ཀྱིས།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-24 09:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཟླ10པའི་ཚེས15ཉིན། སི་ཁྲོན་མི་རིགས་སློབ་གླིང་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གཉིས་ཀྱིས་སློབ་གྲྭ་ཆེན་མོ་བའི་གསར་འགྱུར་ལག་ལེན་གསོ་སྐྱོང་སྦྱོང་བརྡར་རྟེན་གཞི་སོགས་འབྲེལ་ཡོད་གནས་དོན་ཐད་ངོས་འཛིན་གཅིག་གྱུར་བྱུང་བ་རེད།

སི་ཁྲོན་མི་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལི་ཅིས་ཕིང་དང་ཧྲུའུ་ཅི་གཞོན་པ་ལིའུ་དབྱིན།དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི།ཧྲེ་ཀྲང་ཨ་ལེན་བཞུགས་མོལ་ཚོགས་འདུའི་ནང་ཞུགས་ཡོད།

ཉེ་བའི་ལོ་ཤས་རིང་ལ་མཐོ་རིམ་སློབ་གྲྭའི་གསར་འགྱུར་ཆེད་ལས་དབྱར་མཚོ་རྒྱས་པར་ལྟར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པས།སློབ་མའི་ལས་ཞུགས་སྔོན་དུ་ལག་ལེན་ནུས་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱོད་གོ་ཆོད་པའི་ཆེད་ལས་མི་སྣ་གསོ་སྦྱོང་བྱེད་ཆེད།སི་ཁྲོན་མི་རིགས་སློབ་གླིང་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གཉིས་ཀྱིས་སློབ་གྲྭ་ཆེན་མོ་བའི་གསར་འགྱུར་ལག་ལེན་གསོ་སྦྱོང་རྟེན་གཞི་མཉམ་གཉེར་བྱ་རྒྱུ་འཆར་གཞི་བཞག་པ་རེད།ཕྱོགས་གཉིས་ཀས་ཐུན་མོང་དུ་སི་ཁྲོན་མི་རིགས་སློབ་གླིང་གི་སློབ་མ་ལག་ལེན་སྦྱོང་བརྡར་ཁྲིད་སྟོན་དང་དོ་དམ་ལས་ཁུངས་འཛུགས་གཉེར་བྱས་པ།ཁྱོན་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྦྱོང་བརྡར།ཞིབ་འཇུག་བྱ་གཞི་སོགས་ཀྱི་ཐད་ལ་མཛའ་མཐུན་གྱི་མཉམ་ལས་བྱ་རྒྱུ་རེད།རྟེན་གཞི་དེ་འཛུགས་པ་དེས་སློབ་་སྦྱོང་བྱེད་བཞིན་པའི་སློབ་གྲྭ་ཆེན་མོ་བ་ལ་གསར་འགྱུར་ལག་ལེན་གྱི་ནུས་པ་མཐོར་འདེགས་གཏོང་རྒྱུར་ཕན་ཆེན་པོ་ཐོགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག