མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སི་ཁྲོན་ནུབ་རྒྱུད་བོད་ཁུལ་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས།

རྩོམ་པ་པོ། སྒྲོལ་མ་ཚེ་མཚོས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-22 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས24ཉིན་སི་ཁྲོན་ནུབ་རྒྱུད་བོད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་དེ་རྔ་བ་ཁུལ་མཛོད་དགེ་རྫོང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ལས་གྲྭའི་འཆར་འགོད་ཀྱི་ཁྱབ་ཁོངས་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡོངས་རྫོགས་དང་།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཡོངས་རྫོགས།ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་མུ་ལི་བོད་རིགས་རང་སྐྱོང་རྫོང་བཅས་ཀྱི་རྫོང་ཁག་ཁྱོན་བསྡོམས32ཡོད་པ་རེད།འཆར་འགོད་ནང་སྔོན་དཔག་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར94.06གཏང་རྒྱུ་རེད།དེ་ནི་རང་རེའི་ཞིང་ཆེན་གྱིས་མིག་སྔར་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་མ་དངུལ་ཆེས་མང་ཤོས་གཏོང་བ་ཡིན་ལ།འཛུགས་སྐྲུན་གྱི་ནང་དོན་ཆེས་ཁྱོན་ཡོངས་ཀྱི་ལས་གྲྭ་ཞིག་རེད།

ལས་གྲྭའི་འཆར་འགོད་འཛུགས་སྐྲུན་བྱེད་ཡུན་ནི2013ལོ་ནས2020ལོའི་བར་ཡིན་པ་རེད།ལས་གྲྭའི་སྤྱིའི་དམིགས་ཡུལ་ནི2020ལོར་སླེབས་དུས།སི་ཁྲོན་ནུབ་རྒྱུད་བོད་ཁུལ་གྱི་རྩི་ཤིང་གི་སྔོ་ལྗང་ཁེབས་ཚད་དང་རློན་ས་ནུས་ལྡན་གྱིས་བསྐྱར་གསོ་ཐུབ་པ་དང་།ས་ཆུ་ཤོར་བར་ནུས་ལྡན་གྱིས་ལེགས་བཅོས་བྱེད་ཐུབ་པ་རེད།ནགས་ཚལ་ཁེབས་ཚད་དེ་བརྒྱ་ཆ29.68ནས་བརྒྱ་ཆ30.08ཀྱི་ཐོག་མཐོ་རུ་གཏོང་ཐུབ་པ་རེད།བྱེ་འགྱུར་ས་ཞིང་ལེགས་བཅོས་བྱེད་ཚད་བརྒྱ་ཆ84ཡན་ཆད་ཐོག་སླེབས་ཐུབ་པ་བྱ་རྒྱུ།རྩྭ་ཐང་སྔོ་ཁེབས་བྱེད་ཚད་བརྒྱ་ཆ81.ནས་བརྒྱ་ཆ90ཡི་ཐོག་མཐོ་རུ་གཏོང་ཐུབ་རྒྱུ་རེད།མིས་བཟོ་རློན་ས་བསྐྱར་གསོ་བྱེད་རྒྱ་སྤྱི་ཆིང་ཁྲི2གསར་སྣོན་བྱེད་ཐུབ་རྒྱུ་རེད།ས་ཆུ་ཤོར་རྒྱ་རྒྱ་དཔང་གྲུ་བཞི་ལྷམ་པ་སྤྱི་ལེ3250ལེགས་བཅོས་གཏོང་ཐུབ་རྒྱུ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག