མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཀོང་ཏུང་ཞིང་ཆེན་སྲིད་གཞུང་གིས་ཝུན་ཁྲོན་ལ་རྒུད་སྐྱོབ་མ་དངུལ་སྒོར་ཁྲི750ཞལ་འདེབས་སུ་ཕུལ་བ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-10-22 10:38

ཞལ་འདེབས་ཕུལ་བའི་མཛད་སྒོའི་ཡུལ་དངོས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀོང་ཏུང་དང་ཝུན་ཁྲོན་དབར་གྱི་མཛའ་བརྩེ་ཟབ་མོ་ཡིན་པས། སྤྱི་ཟླ7པའི་ཚེས10ཉིན་ཝུན་ཁྲོན་རི་བོ་ཉིལ་ནས་འདམ་རྡོའི་ཆུ་རུད་ཚབས་ཆེན་བྱུང་བའི་རྗེས་སུ། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་དང་མི་དམངས་མང་ཚོགས་ཀྱིས་འཕྲལ་མར་འཚམས་འདྲི་མཛད་པ་དང་། ཧུར་ཐག་གིས་མ་དངུལ་དང་དངོས་ཟོག་ཞལ་འདེབས་སུ་འབུལ་བ་རྩ་འཛུགས་བྱས་ནས་གཅེས་སེམས་ཕུལ་བ་རེད།

སྤྱི་ཟླ10བའི་ཚེས20ཉིན། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་ལ་རྒུད་སྐྱོབ་མ་དངུལ་སྒོར་ཁྲི750ཞལ་འདེབས་སུ་ཕུལ་ཞིང་། སྔོན་མ་ནང་བཞིན་ཝུན་ཁྲོན་ལ་ལྷག་བསམ་ཟོལ་མེད་སྒོས་རྒྱབ་སྐྱོབ་གནང་བཞིན་ཡོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག