མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལི་ཁང་གིས་ཉག་ཆུ་རྫོང་དུ་སེམས་བློ་མཉམ་གཏད་དང་འཐུས་མིར་འབྲེལ་འདྲིས་ཀྱི་བྱེད་སྒོ་སྤེལ།

རྩོམ་པ་པོ། སྒྲོལ་མ་ཚེ་མཚོས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-18 11:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བ10པའི་ཚེས10ཉིན།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་ཉག་ཆུ་རྫོང་དུ་ཕེབས་ནས་བློ་སེམས་མཉམ་གཏད་དང་འཐུས་མིར་འབྲེལ་འདྲིས་བྱེད་པའི་བྱེད་སྒོ་སྤེལ་བ་རེད།ཉག་ཆུ་རྫོང་ཨུ་དང་ཉག་ཆུ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོས་ཕེབས་རོགས་འོགཀྲུའུ་རེན་ལི་ཁང་དབུ་ཐོག་དགོན་དུ་ཕེབས་ནས་དགོན་པས་བཅའ་ཁྲིམས་ལྟར་དོ་དམ་ལས་ཀར་སྐུལ་འདེད་གཏོང་ཚུལ་དང་གྲྭ་བཙུན་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་ནས་མིག་སྔར་དགོན་པར་ཡོད་པའི་དཀའ་ངལ་ལ་ཆ་རྒྱུས་བླངས་པ་རེད།གྲྭ་བཙུན་ཚོས་བཏོན་པའི་དགུན་དུས་སུ་དགོན་པར་ཆུ་དང་གློག་མི་འདང་བ་དང་འཕྲིན་གཏོང་བྱེད་མི་ཐུབ་པ་སོགས་གནད་དོན་དེ་ལི་ཁང་དང་ཉག་ཆུ་རྫོང་གི་འགོ་ཁྲིད་ཚང་མས་ཟིན་ཐོ་ཞིབ་ཕྲ་བཀོད་པར་མ་ཟད།ནན་ཏན་གྱིས་ལན་བརྒྱབ་པའི་དུས་མཚུངས་སུ།ལི་ཁང་གིས་དབུ་ཐོག་དགོན་པས་དུས་ཡུན་རིང་པོ་ནས་བཟུང་།རྒྱལ་གཅེས་ཆོས་གཅེས་དང་།འདུལ་ཁྲིམས་སྲུང་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད།

དབུ་ཐོག་དགོན་པའི་གནས་ཚུལ་ལ་ནན་ཏན་གྱིས་ཤེས་རྟོགས་གནང་རྗེས།ལི་ཁང་གིས་དབུ་ཐོག་དགོན་པའི་དོ་དམ་ཨུ་ལྷན་གྱི་གྲུབ་མི་ཁག་གཅིག་དང་ཉག་ཆུ་རྫོང་གི་ཁུལ་དང་རྫོང་དམངས་ཆེན་གྱི་འཐུས་མི15ཡིས་བཅའ་ཁྲིམས་ལྟར་ཆོས་ལུགས་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དགོན་པ་དོ་དམ་གསར་སྐྲུན་ལས་ཀར་སྐུལ་འདེད་གཏོང་རྒྱུའི་ཐད་ཆེད་དོན་བཞུགས་མོལ་གནང་བ་རེད།

ལི་ཁང་གིས་ཐུགས་རེ་གནང་རྒྱུར།དགོན་པའི་དོ་དམ་ཨུ་ལྷན་གྱིས་དགོན་པ་དོ་དམ་གྱི་བརྗོད་བྱ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་།དགོན་པའི་འགོ་ཁྲིད་ཀྱི་དབང་ཆ་ཁོང་དུ་ཆུད་པ་བྱེད་དགོས།དགོན་པ་དོ་དམ་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དགོན་པ་དེ་ས་གནས་དེ་གའི་སྤྱི་ཚོགས་བརྟན་བརླིང་ཡོང་བ་དང་།ཆོས་དད་མང་ཚོགས་ཀྱི་ཆོས་དད་དགོས་མཁོ་སྐོང་རྒྱུར་ཞབས་ཕྱི་སྒྲུབ་དགོས།དགོན་པའི་གྲྭ་བཙུན་རྣམས་ལ་སློབ་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་རྒྱལ་གཅེས་དང་སྡོམ་ཁྲིམས་སྲུང་རྒྱུའི་སློབ་གསོ་མངོན་གསལ་དུ་དམ་འཛིན་བྱེད་དགོས།མཆོད་འབུལ་གྱི་བྱེད་སྒོ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱུན་ལྡན་གྱི་མཆོད་འབུལ་བྱེད་སྒོ་སྤེལ་དགོས།དགོན་པ་འཛུགས་སྐྲུན་ཉམས་གསོ་དོ་དམ་བྱ་རྒྱུར་ཤུགས་སྣོན་དགོས་པ་དང་།ལུགས་མཐུན་གྱིས་འཆར་འགོད་བྱེད་པ་དང་།རྒྱལ་ས་དང་།འཛུགས་སྐྲུན་འཆར་འགོད་སོགས་སྡེ་ཁག་གི་ཞིབ་མཆན་འགོད་པའི་ལམ་ལུགས་ལ་བརྩི་སྲུང་ནན་པོ་ཞུ་དགོས།དགོན་པའི་ནོར་དོན་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ནོར་དོན་མངོན་གསལ་དུ་བསྒྲགས་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།གྲྭ་བཙུན་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལོ་ན18མན་ཆད་ཀྱི་སྐྱེ་བོ་དགོན་པའི་ནང་བསྡུས་ནས་གྲྭ་པ་བཟོ་རྒྱུར་ནན་འགོག་བྱས་ནས་གྲྭ་བཙུན་རྣམས་ལ་རྒྱལ་གཅེས་ཆོས་གཅེས་དང་སྡོམ་ཁྲིམས་སྲུང་བ།སྒྲིག་ལམ་སྲུང་རྒྱུར་སྣེ་ཁྲིད་ཧུར་ཐག་བྱེད་དགོས་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག