མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

མཛེས་སྡུག་ལྡན་པའི་རྔ་བའི་སྟེགས་བུ2013ལོའི་ཨོ་མིན་རྒྱལ་སྤྱིའི་གནས་སྐོར་དངོས་མང་སྟོན་ཚོགས་སུ་མངོན་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-10-18 11:37

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་སྤྱི་ཟླ10བའི་ཚེས11ཉིན་ནས་ཚེས13ཉིན་བར། ཨོ་མིན་གནས་སྐོར་མཐུན་ཚོགས་དང་ཨོ་མིན་གནས་སྐོར་ཚོང་ལས་ཚོགས་པ། དེ་མིན་ཨོ་མིན་གནས་སྐོར་ལས་རིགས་གྲོས་ཚོགས་དང་ཨོ་མིན་འཛམ་གླིང་གནའ་ཤུལ་སྐུལ་སྤེལ་ཚོགས་པ་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། རྒྱལ་ཁབ་གནས་སྐོར་ཅུའུ་སོགས་ལས་ཁུངས་བཅུ་ཕྲག་འགས་རྒྱབ་སྐྱོར་གནང་བའི2013ལོའི་ཨོ་མིན་རྒྱལ་སྤྱིའི་གནས་སྐོར་དངོས་མང་སྟོན་ཚོགས་བདེ་བླག་ངང་འཚོགས་པ་དང་། ཐེངས་འདིའི་གནས་སྐོར་དངོས་མང་སྟོན་ཚོགས་ནི་ཨོ་མིན་ནས་ད་ལྟའི་བར་དུ་གཞི་ཁྱོན་ཆེས་ཆེ་བའི་གནས་སྐོར་འགྲེམ་སྟོན་ཚོགས་ཆེན་ཡིན་ལ། ཨོ་མིན་ནས་གནས་སྐོར་བརྗོད་བྱ་གཙོ་བོ་ཡིན་པའི་ཆེད་ལས་འགྲེམ་སྟོན་ཁོ་ནའང་ཡིན།
    གནས་སྐོར་དངོས་མང་སྟོན་ཚོགས་སྟེང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་འགྲེམ་སྟོན་སྟེགས་བུ་སུ་མི་མང་པོ་འདུས་ནས་འདུ་ལོང་རྒྱས་ཤིང་། ཚོང་པ་དང་སྨྱད་བྱད། མང་ཚོགས་བཅས་ཡོང་ནས་ལྟད་མོ་ལྟ་བ་དང་དཔྱད་གཞིའི་ཡིག་ཆ་ལེན་བཞིན་ཡོད་པ་རེད།

   རྔ་བ་ཁུལ2013ལོའི་ཨོ་མིན་རྒྱལ་སྤྱིའི་གནས་སྐོར་དངོས་མང་སྟོན་ཚོགས་སུ་ཞུགས་པས། རྔ་བའི་གནས་སྐོར་ཀྱི་མིང་གྲགས་རྒྱས་པར་ཧུར་ཐག་གིས་ནུས་པ་ཐོན་ཡོད་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག