ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས10ཉིན་ནི་ཨང་བཅུ་བདུན་པའི“འཛམ་གླིང་སྨྱོ་ནད་འཕྲོད་བསྟེན་ཉིན་མོ”ཡིན་ལ། ཉིན་དེར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་རྩ་སྡེ་དགུ་རྫོང་གིས་རྫོང་མཁར་རྙིང་པའི་སྲང་ལམ་བཞི་མདོ་ནས“བྱ་གཞག་གོང་སྤེལ་དང་ཞབས་ཕྱི་ཚད་ལྡན།ཁེ་དབང་སྲུང་སྐྱོབ”བཅས་བྱ་རྒྱུ་བརྗོད་བྱ་གཙོ་བོ་ཡིན་པའི་དྲིལ་བསྒྲགས་བྱ་འགུལ་སྤེལ།
བྱ་འགུལ་ཁྲོད་ལས་བྱེད་མི་སྣས་ལམ་འགྲོ་བར《སྨྱོ་ནད་འཕྲོད་བསྟེན་བཅའ་ཁྲིམས》དང་བསམ་པའི་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་། སུན་སྣང་མེད་པར་མང་ཚོགས་ཀྱི་དྲི་བར་ལན་བཏབ། དུས་མཚུངས་སུ་གཞོན་ནུ་ལོ་ཆུང་དང་ལོ་ལོན་རྒན་པར་སེམས་ཁམས་ཐད་ཉམས་འཇོག་བྱ་དགོས་པའི་གནད་དོན་ངོ་སྤྲོད་བྱས་པ་མ་ཟད། ད་རུང་སྤྱི་ཚོགས་ཡོངས་ཀྱིས་སྨྱོ་ནད་སྔོན་འགོག་བྱ་བར་དོ་སྣང་བྱ་དགོས་པའི་འབོད་སྐུལ་བཏོན།
རྒྱུས་ལོན་པ་ལྟར་ན། བྱ་འགུལ་ལས་བསྡོམས་པས་དྲིལ་བསྒྲགས་ཡིག་ཆ500ལྷག་འགྲེམ་གཏོང་བྱས་པ་དང་མི་ཐེངས100ལྷག་གིས་གནས་ཚུལ་རྒྱུས་ལོན་བྱས།།