མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་གྱི་སྐད་གཉིས་བྱིས་སྐྱོང་ཁང་བཟོ་བཀོད་གཙོ་བོ་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ། རྩོམ་པ་པོ། ལྷ་མོ་ཚེ་སྐྱིད།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-10-14 10:24

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་ལམ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་གིས་གསར་དུ་བསྐྲུན་པའི་ཡུལ་ཚོ་དང་གྲོང་རྡལ་གྱི་བོད་རྒྱ་སྐད་གཉིས་བྱིས་སྐྱོང་ཁང་གཉིས་མིག་སྔར་གཙོ་ཆེ་བའི་བཟོ་བཀོད་ལེགས་འགྲུབ་བྱུང་ཡོད་ཅིང་། སང་ལོ་དངོས་སུ་སློབ་མ་བསྡུ་མགོ་རྩོམ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བཟོ་བཀོད་འདི་ནི2007ལོའི་ཟླ7པ་ནས་བཟུང་འཛུགས་སྐྲུན་གྱི་མགོ་བརྩམས་ཤིང་། ལས་གཞི་འདིའི་སྤྱིའི་མ་དངུལ་སྒོར་ཁྲི920དང་། བྱིས་སྐྱོང་ཁང་འདི་གཉིས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་ནི་ཧ་ལམ་སྨི་གྲུ་བཞི་མ3545.5ཡིན་ལ། ནང་དུ་བྱ་འགུལ་ཁང་དང་ངལ་གསོ་ཁང་སོགས་ཡོད་པ་དང་། སློབ་བསྡུ་མགོ་བརྩམས་རྗེས་སྡོམ་པས་བྱིས་པ370ཤོང་ངེས།

ཐེངས་འདིའི་ཡུལ་ཚོ་དང་གྲོང་རྡལ་གྱི་བོད་རྒྱ་སྐད་གཉིས་བྱིས་སྐྱོང་ཁང་འཛུགས་སྐྲུན་བྱེད་པ་ལས་དར་མདོ་ས་ཁུལ་གྱི་སློབ་སྔོན་བྱིས་པ་བྱིས་སྐྱོང་ཁང་དུ་འཇོག་དཀའ་བའི་སྣོན་ཤུགས་སེལ་བ་དང་། བྱིས་པའི་སློབ་སྔོན་སློབ་གསོའི་གནད་དོན་གཞི་ནས་ཐག་གཅོད་བྱེད་ཐུབ་ཅིང་། སི་ཁྲོན་བོད་ཁུལ་གྱི་སྐད་གཉིས་སློབ་གསོའི་ནུས་པ་མཐོར་འདེགས་དང་འཕེལ་རྒྱས་སུ་གཏོང་བའི་ཐད་དགེ་མཚན་རབ་ཏུ་བསྐྲུན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག