མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་གྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་ཀ་བདེ་བླག་ངང་སྤེལ་བཞིན་ཡོད།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-14 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་ཀ་དེ་རྒྱལ་ཁབ་དང་ཞིང་ཆེན།ཁུལ་བཅས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་སེམས་ཁུར་ཆེན་པོ་གནང་འོག ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་ཀ་དེ་གཏིང་ཟབ་ཏུ་སྤེལ་བ་དང་།ཐུམ་འབུའི་ནད་ཕོག་མཁན་ཡོངས་ཁྱབ་ཞིབ་བཤེར་བྱེད་རྒྱ་ཆེ་རུ་གཏོང་བ།ཐུམ་འབུའི་ནད་ཕོག་མཁན་གྱི་སྨན་བཅོས་ཁ་གསབ་དམིགས་ཚད་མཐོ་རུ་བཏང་ཡོད།ཁྱི་དོ་དམ་གྱི་ལས་ཀ་ཤུགས་ཆེན་བཅས་ཀྱི་སྒོ་ནས་མིག་སྔར་རང་ཁུལ་གྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་ཀ་དེ་བདེ་བླག་ངང་སྤེལ་བཞིན་པ།ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བདུན་པའི་བར་ཚད་བརྒལ་སྒྲ་རླབསBཁྲའོ་སྤྱད་ནས་མི83196ལ་ཞིབ་བཤེར་བྱས་ནས་ཐུམ་འབུའི་ནད་ཕོག་མཁན་མི126གསར་དུ་རྙེད་ནས་མི75ལ་གཤགས་བཅོས་བྱས་པ་དང་།མི12699ལ་སྨན་བཅོས་བྱས་པར་མ་ཟད།སྨན་རིན་སྒོར་ཁྲི400.83ཆར་ཆག་བཏང་བ།ཁྱི260974དོ་དམ་ནན་པོ་བཅས་བྱས་སྟབས།ནུས་ལྡན་གྱི་སྒོ་ནས་ཐུམ་འབུའི་ནད་ཚོད་འཛིན་དང་སྔོན་འགོག་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག