མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་རྒྱལ་ས་ཐོན་ཁུངས་ཅུས་ཀྱིས་ས་གཤིས་གནོད་སྐྱོན་འགོག་བཅོས་བྱས་པར་གྲུབ་འབྲས་ཐོབ།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-14 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ཆུ་འབྲུབ་པའི་དུས་ལ་སླེབས་པ་ནས་བཟུང་། བསྟུད་མར་ཉིན་ཤས་རིང་ལ་ཆར་ཆུ་འབེལ་བའི་རྐྱེན་གྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་་ཁུལ་དུ་ས་གཤིས་ཀྱི་གནོད་སྐྱོན་བྱུང་སླ་བ་དང་བྱུང་མང་བའི་གནས་ཚུལ་ཐོན་པ་རེད། ཁུལ་ཡོངས་ཀྱི་རྒྱལ་ས་ཐོན་ཁུངས་མ་ལག་གིས་མཐའ་དག་མང་ཚོགས་ཀྱི་དོན་དུ་ཡིན་པ་དང་། མཐའ་དག་མང་ཚོགས་ལ་བརྟེན་དགོས་པའི་ས་གཤིས་གནོད་སྐྱོན་ལ་འགོག་བཅོས་བྱེད་པའི་ལས་ཀའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། རྩད་ཆོད་མཐའ་གསལ་ཐུབ་པའི་ས་གཤིས་གནོད་སྐྱོན་དང་མངོན་མེད་ཉེན་ཁ་ཡོད་ས་3146ལ་སྐོར་ཞིབ་དང་། ལྟ་སྐུལ་ཚད་ལེན་དང་སྔོན་ཚུད་ཀྱི་ཉེན་བརྡ། དྲིལ་བསྒྲགས་གསོ་སྦྱོང་། བབ་བསྟུན་སྦྱོང་བརྡར། རང་ཤུགས་སུ་ཟུར་གཡོལ་བྱེད་པ་སོགས་ཀྱི་འགོག་བཅོས་བྱེད་ཐབས་གཏན་འབེབས་བྱས་ནས། ཕན་ནུས་ལྡན་པའི་སྒོས་ས་གཤིས་གནོད་སྐྱོན་ཀྱི་འགོག་བཅོས་བྱེད་ནུས་མཐོར་འདེགས་བཏང་བ་རེད། མིག་སྔའི་བར་དུ་སླེབས་དུས་ཁུལ་ཡོངས་སུ་གཞི་ཁྱོན་ལྡན་པའི་ས་གཤིས་གནོད་སྐྱོན་ཁག28བྱུང་ཡོད། བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། ཆ་འཕྲིན་དུས་ཐོག་ཏུ་བཏང་བ། ལེགས་འགྲུབ་ངང་སྔོན་ཚུད་ཀྱི་ཉེན་བརྡ་ཁག་9བཏང་བར་བརྟེན། དུས་ཐོག་ཏུ་མི་གྲངས3744རང་རྟོགས་སུ་ཉེན་གཡོལ་བྱ་རྒྱུ་སྒྲིག་འཛུགས་བཅས་བྱས་སྟབས་མི་གྲངས2016ཤི་རྨས་མི་ཡོང་བ་བྱེད་ཐུབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོ་ནས་བཟུང་། རང་ཁུལ་དུ་བསྟུན་མར་ལོ3རིང་ས་གཤིས་གནོད་སྐྱོན་བྱུང་ནས་ཤི་རྨས་བྱུང་མེད་པའི་གྲུབ་འབྲས་ཡག་པོ་ཐོབ་ནས།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་བདེ་འཇགས་ཡོང་གང་ཐུབ་བྱས་པར་འགན་སྲུང་བྱས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག