མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་སྐྱིད་ཐང་ཤང་གི་ཚད་མཐོའི་ཞིང་ལས་འཛུགས་སྐྲུན་ལ་ཞིབ་བཤེར་རྩིས་ལེན་བྱས།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-14 10:19

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞིང་ལས་ཅུས་ཀྱི་ལས་སྒྲུབ་ཚོ་ཆུང་སྐྱིད་ཐང་ཤང་ལུང་གཤིས་གྲོང་སྡེར་སོང་ནས་ཚད་མཐོའི་ཞིང་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་དེང་རབས་ཀྱི་ཞིང་ལས་དུང་ཕྱུར་སྟོང་གི་རྣམ་གྲངས་ལས་གྲྭ་ལ་ཐོག་མ་ཞིབ་བཤེར་རྩིས་ལེན་བྱས་པ་རེད། ཞིབ་བཤེར་རྩིས་ལེན་བྱེད་མཁན་ཚོ་ཆུང་གིས་ཉན་པ་དང་བལྟ་བ། དཔྱད་བཤེར་བཅས་ཀྱི་བྱེད་ཐབས་སྤྱད་དེ་ཚད་མཐོའི་གཞི་རྩའི་ཞིང་ས་མུའུ350དང་ཞིང་ནང་ལ་ཞིང་ཆུ་འདྲེན་སའི་ཡུར་བུ། ཆུ་གསོག་རྫིང་བུ། བྱེ་མ་གསོག་ས། ཞིང་ལས་ལམ་བུ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་མུ་མཐུད་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག