མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

རྫོགས་ལྡན་གཟའ་འཁོར་ནང་དར་མདོ་རྫོང་གི་ལྗོངས་རྒྱུ་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ།

རྩོམ་པ་པོ། ལྷ་འཛོམས་ཀྱིས།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-10 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཐེངས་འདིའི་རྒྱལ་སྟོན་དུས་ཆེན་གྱི་རྫོགས་ལྡན་གཟའ་འཁོར་ནང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་ཡོངས་སུ་ལྗོངས་རྒྱུ་བ་མིའི་ཐེངས་གྲངས་ཁྲི12.7845ལ་སྣེ་ལེན་བྱས་པས། ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ4.6འཕར་ཡོད།ལྗོངས་རྒྱུ་ཡོང་འབབ་སྒོར་ཁྲི11634.131མངོན་འགྱུར་བྱུང་ནས་ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ5.7འཕར་བ་རེད།

དེའི་ནང་གདན་ཐོག་མཛེས་ལྗོངས་ས་ཁུལ་གྱིས་ལྗོངས་རྒྱུ་འགྲུལ་པ་མིའི་ཐེངས་གྲངས་ཁྲི2.9252ལ་སྣེ་ལེན་བྱས་པས་ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ119འཕར་བ།སྒོ་འཛིན་ཡོང་འབབ་སྒོར་ཁྲི50.181རག་པས་ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ119འཕར་བ་རེད།མི་རྒོད་མཚོའི་མཛེས་ལྗོངས་ས་ཁུལ་གྱིས་ལྗོངས་རྒྱུ་བ་མིའི་ཐེངས་གྲངས་ཁྲི3.5421ལ་སྣེ་ལེན་བྱས་པས།ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ20.5འཕར་བ་རེད།སྒོ་འཛིན་ཡོང་འབབ་སྒོར་ཁྲི276.731རག་པས་ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ55.8འཕར་བ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན།སི་ཁྲོན་ཞིང་ཆེན་གྱི་ས་གནས་སོ་སོ་ནས་ཡོང་བའི་ལྗོངས་རྒྱུ་བའི་བསྡོམས་གྲངས་བརྒྱ་ཆ67.8ལ་ཟིན་པ།ཁྲུང་ཆིང་ནས་ཡོང་བའི་ལྗོངས་རྒྱུ་བའི་བསྡོམས་གྲངས་ཀྱི་བརྒྱ་ཆ16.9ལ་ཟིན་པ་རེད།ཧྲན་ཞི་དང་མཚོ་སྔོན།བོད་ལྗོངས།ཡུན་ནན་སོགས་ས་གནས་ནས་ཡོང་བའི་ལྗོངས་རྒྱུ་བའི་བསྡོམས་གྲངས་བརྒྱ་ཆ14.3ལ་ཟིན་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག