མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

བརྒྱད་ཟིལ་རྫོང་གིས་སྟར་ཀ་ལས་སྣོན་བྱེད་སའི་ཁེ་ལས་ཐོག་མ་དངོས་སུ་འཛུགས་འགོ་ཚུགས།

རྩོམ་པ་པོ། ཀུན་དགས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-10 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་ཤིས་སྤྲིན་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས་སྟར་ཀ་ལས་སྣོན་བྱེད་སའི་བཟོ་གྲྭ་འཛུགས་པའི་མཛད་སྒོ་དེ་རྫོང་དེའི་འུ་ལ་ཆི་ཤང་ཕེན་ཆའོ་གྲོང་སྡེར་སྤེལ་བ་རེད།

སྟར་ཀ་ལས་སྣོན་བཟོ་གྲྭ་དེ་ཤིས་སྤྲིན་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་གཙོ་བོའི་འཕེལ་རྒྱས་ཀྱི་རྣམ་གྲངས་ཞིག་ཏུ་གཏོགས་པ་དང་ས་ཞིང་རྒྱ་ཁྱོན་མུའུ60ཡོད་པ་དང་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི2480གཏང་རྒྱུ་ཡིན་པ་རེད། སྔོན་རྩིས་བྱས་པར་ལྟར་ན། ད་ལོའི་ཟླ་བ10པར་རྣམ་གྲངས་ལས་ཀ་དེ་འཛུགས་སྐྲུན་བྱེད་མཇུག་བསྒྲིལ་པས་མ་ཚད་ཚོད་ལྟ་བྱས་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད། སང་ལོའི་ཟླ་བ3པར་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་རེད། རྣམ་གྲངས་དེར་གཙོ་བོ་རང་ཉིད་ཀྱི་ཐོན་སྐྱེད་བྱས་པའི་སྟར་ཀ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་མུ་མཐུད་ནས་ལས་སྣོན་བྱ་རྒྱུ་རེད། སྔོན་རྩིས་བྱས་ན། རྣམ་གྲངས་དེ་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོ་རེར་སྟར་ཀའི་སྣུམ་ཏུན40ཐོན་སྐྱེད་བྱས་ནས་ཡོང་འབབ་སྒོར་ཁྲི2400ཐོག་སླེབས་པ་དང་།ལོ་རེར་སྟར་ཀ་ཐོན་སྐྱེད་བྱེད་ཚད་རེར་ཏུན1000ལ་ཟིན་པས་ཕྱིར་འཚོང་ཡོངས་འབབ་སྒོར་ཁྲི600ཐོག་སླེབས་རྒྱུ། ལོ་རེར་གཏེར་ཆུ་ཏུན1000ཐོན་སྐྱེད་བྱས་ནས་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི300ཐོག་སླེབས་རྒྱུ། ལོ་རེར་ཐོན་སྐྱེད་བསྡོམས་འབོར་སྒོར་ཁྲི3300ཐོག་སླེབས་པ་དང་ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་གྲངས་སྒོར་ཁྲི660མངོན་འགྱུར་ཡོང་རྒྱུ་རེད། ལས་ཞུགས་ལས་གནས60གསར་སྣོན་དང་ཁོར་ཡུག་གི་སྟར་ཀ་འདེབས་འཛུགས་དུད་ཚང300ལ་སྐུལ་ཁྲིད་བྱས་པ་དང་རྣམ་གྲངས་དེ་སྤེལ་རྗེས་ཁོར་ཡུག་གི་སྟར་ཀ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཇེ་ཆེར་བཏང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཀྱང་རིམ་བཞིན་དུ་འཕར་སྣོན་བྱུང་བ་རེད། དེ་དང་ཆབས་ཅིག་ཏུ་བེ་ཤིང་ཤ་མོ་དང་གཡེར་མ། ཁྱད་ཆོས་ལྡན་པའི་ཤ་རིགས་ལ་སོགས་པ་ལས་སྣོན་བྱ་རྒྱུ་ཡིན་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག