མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

བཅུ་བའི་རྫོགས་ལྡན་གཟའ་འཁོར་ནང་ཁྲོ་ཆུ་རྫོང་གིས་གནས་སྐོར་ཡོང་འབབ་སྒོར་ཁྲི4677.99མངོན་འགྱུར་བྱས་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-10-08 11:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས8ཉིན། སྨྱུག་ཐོགས་པས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁྲོ་ཆུ་རྫོང་གི་གནས་སྐོར་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་དབུ་བརྙེས་དུས་ཆེན་གྱི་སྐབས་སུ་རྫོང་འདིའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་གནས་སྐོར་བ་ཇེ་མང་དུ་སོང་བས་ཡང་བསྐྱར་ཆེས་མཐོའི་ཆུ་ཚད་བསྐྲུན་ཞིང་། བསྡོམས་པས་གནས་སྐོར་བ་མི་ཐེངས49242ལ་སྣེ་ལེན་བྱས་པ་དང་། གནས་སྐོར་ཡོང་འབབ་སྒོར་ཁྲི4677.99མངོན་འགྱུར་བྱས།

  ཤེས་གསལ་བྱུང་བ་ལྟར་ན། རྫོང་འདིས་གནས་སྐོར་བ་འདུ་འཛོམས་ཆེས་མང་སར་རིན་མི་དགོས་པར་འཐུང་ཆུ་ཁོལ་མ་ལྡུག་པ་སོགས་ཀྱི་ཞབས་ཕྱི་སྒྲིག་ཆས་འདོན་སྤྲོད་བྱས་པ་མ་ཟད། དམངས་སྲོལ་འཁྲབ་སྟོན་བྱ་འགུལ་རྩ་འཛུགས་བྱས་ཏེ་གནས་སྐོར་བ་གདན་ཞུ་ཟབ་ཞུགས་བྱས་ནས་གནས་སྐོར་པར་དངོས་སུ་ས་དེ་གའི་བོད་པའི་ཡུལ་སྲོལ་གོམས་འདྲིས་མྱོངས་སུ་བཅུག  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག