མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཟི་ཁྲོན་རྔ་བ་ཁུལ་གྱིས་ཁུལ་དང་རྫོང་གཉིས་ཀའི་ཡུལ་སྐོར་ཐད་ཀྱི་གྱོད་དོན་ཞུ་གཏུག་ལ་གཅིག་གྱུར་གྱིས་དང་ལེན་ཐག་གཅོད་བྱེད་པའི་ལས་ཁུངས་བཙུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-04 11:12

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ནན་ཏན་གྱིས་ཡུལ་སྐོར་བཅའ་ཁྲིམས་ལག་བསྟར་དང་། འགན་ནུས་སྔར་ལས་གསལ་བོར་བྱེད་པ་དང་། འགན་ཁུར་དོན་འཁྱོལ་བྱེད་པ། དུས་ལྟར་ཕན་ཡོད་པའི་སྒོ་ནས་ཡུལ་སྐོར་ཐད་ཀྱི་གྱོད་དོན་ཐག་གཅོད་བྱེད་ཆེད། རྔ་བ་ཁུལ་གྱིས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཡུལ་སྐོར་ཐད་ཀྱི་གྱོད་དོན་ལ་གཅིག་གྱུར་གྱིས་དང་ལེན་ཐག་གཅོད་བྱེད་པའི་ལས་ཁུངས་བཙུགས།

རྔ་བ་ཁུལ་ཡུལ་སྐོར་ཁྲིམས་འཛིན་ཅུའུ་ཡིས་ལས་ཁུངས་དེ་རྔ་བ་ཁུལ་གྱི་གཅིག་གྱུར་གྱིས་ཡུལ་སྐོར་ཐད་ཀྱི་གྱོད་དོན་དང་ལེན་ཐག་གཅོད་བྱེད་པའི་སྒྲིག་སྲོལ་གཏན་ཁེལ་བྱས་པར་མ་ཟད། 96927དེ་ཁུལ་ཡོངས་ཀྱི་ཡུལ་སྐོར་ཐད་ཀྱི་གྱོད་དོན་ཞུ་གཏུག་ལ་གཅིག་གྱུར་གྱིས་དང་ལེན་བྱེད་པའི་ཆེད་དོན་ཁ་པར་ཨང་གྲངས་གཏན་ཁེལ་བྱས་ནས། རྔ་བ་ཁུལ་གྱི་ཡུལ་སྐོར་ཐད་ཀྱི་གྱོད་དོན་ཞུ་གཏུག་ལ་གཅིག་གྱུར་གྱིས་དང་ལེན་བྱེད་པའི་བྱ་བར་འགན་ཁུར་བ་དང་། རྔ་བ་ཁུལ་ཡུལ་སྐོར་ཚོང་རའི་ཕྱོགས་བསྡུས་བདག་སྐྱོང་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་སོ་སོས་རང་གི་འགན་ནུས་ཁྱབ་ཁོངས་ནང་དུ་ཡོད་པའི་ཡུལ་སྐོར་ཐད་ཀྱི་གྱོད་དོན་ཞུ་གཏུག་གི་ཐག་གཅོད་ལ་འགན་ཁུར་རྒྱུ་རེད། རྫོང་སོ་སོའི་མི་དམངས་སྲིད་གཞུང་གིས་ཀྱང་གཅིག་གྱུར་གྱི་རྫོང་རིམ་པའི་ཡུལ་སྐོར་ཐད་ཀྱི་ཞུ་གཏུག་ཐག་གཅོད་ལས་ཁུངས་བཙུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག