མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

འབྱུང་འགྱུར་ལོ3ནང་འགྲིམ་འགྲུལ་ཐད་མ་དངུལ་སྒོར་དུང་ཕྱུར335གྲུབ་རྒྱུ།

རྩོམ་པ་པོ། ལྷ་འཛོམས་ཀྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-09-26 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆརསི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན།ཞིང་ཆེན་ནོར་སྲིད་ཐིང་བཅས་ཀྱིས《སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ2013ལོ་ནས2015ལོའི་བར་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་འཆར་འགོད》དེ་མཉམ་འབྲེལ་པར་སྐྲུན་བྱས་ནས་བཀྲམས་པ་རེད།མཆན་འགོད་བཀའ་ལན་གྱི་ནང་དོན་ནི2013ལོ་ནས2015ལོའི་བར་དཀར་མཛེས་ཁུལ་གྱིས་གཞུང་ལམ་གསར་འཛུགས་དང་བཅོས་འཛུགས་སྤྱི་ལེ6839.1ལས་རྒྱུ་དང་མ་དངུལ་སྒོར་དུང་ཕྱུར335འཇོག་རྒྱུ་ཡིན་པ་རེད།

རྣམ་གྲངས་དེའི་ནང་གཡག་རྔ་གཞུང་ལམ་དུམ་བུའི་མྱུར་བགྲོད་གཞུང་ལམ་སྤྱི་ལེ133(གཡག་རྔ་གཞུང་ལམ་དུམ་བུ་འདུས)འཆར་འགོད་དུས་ཚོད་ནང་མ་དངུལ་སྒོར་དུང་ཕྱུར10གཏོང་རྒྱུ།མྱུར་སྐྲུན་བྱེད་དགོས་པའི་རྣམ་གྲངས14ཡི་གཞུང་ལམ་རིང་ཚད་སྤྱི་ལེ2034.1ཡོད།འཆར་གཞིའི་དུས་ཚོད་ནང་མ་དངུལ་སྒོར་དུང་ཕྱུར176བརྒྱབ་པ་དང་སྤྱི་ལེ1823.6སྐྲུན་རྒྱུ།རྒྱལ་སྲུང་གཞུང་ལམ318པའི་ཁྲོ་ལའི་ཕུག་ལམ་ཕུད་ཁ།མགྱོགས་མྱུར་དུ་འཛུགས་སྐྲུན་བྱེད་དགོས་པའི་རྣམ་གྲངས་གཞན་དག་ཚང་མ་འཆར་གཞིའི་དུས་ཚོད་ནང་འཛུགས་སྐྲུན་ལས་འགན་འགྲུབ་པ་བྱེད་དགོས།རྣམ་གྲངས8འཛུགས་སྐྲུན་བྱེད་གང་ཐུབ་བྱ་དགོས།འཆར་གཞིའི་དུས་ཚོད་ནང་མ་དངུལ་སྒོར་དུང་ཕྱུར30.4གཏོང་བ་དང་སྤྱི་ལེ215.5འགྲུབ་པ་བྱ་རྒྱུ་།2013ལོ་ནས2015ལོའི་བར་ཞིང་སྡེའི་གཞུང་ལམ་སྤྱི་ལེ4800འགྲུབ་པར་ཁག་ཐེག་བྱེད་དགོས།དེའི་ནང་ཤང་བགྲོད་སྣུམ་སྙིགས་ལམ(ཨར་འདམ་ལམ)སྤྱི་ལེ800དང་གྲོང་བགྲོད་གཞུང་ལམ་སྤྱི་ལེ4000འགྲུབ་པ་བྱ་རྒྱུ།འཆར་གཞིའི་དུས་རིམ་ནང་མ་དངུལ་སྒོར་དུང་ཕྱུར23.6འཇོག་རྒྱུ་ཡིན་པ་རེད།

རྣམ་གྲངས་ལག་བསྟར་བྱས་རྗེས།དཀར་མཛེས་ཁུལ་དེ་རྒྱལ་སྲུང་གཞུང་ལམ317དང318་པ།ཞིང་ཆེན་རིམ་པའི་གཞུང་ལམ211དང་215པ། 217པ་སོགས་ཀྱིས་གཙོ་བོ་བྱས་པའི་གཞུང་ལམ་གཙོ་བོའི་དྲ་བ་རུ་ཆགས་ནས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་བརྒྱ་ཆ98.1ལ་སྣུམ་སྙིགས་གཞུང་ལམ(ཨར་འདམ་ལམ)ཡོད་པ་དང་གྲོང་སྡེ་བརྒྱ་ཆ98.3ལ་གཞུང་ལམ་ཐར་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག