མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཡེ་ཤེས་ཟླ་བས་སྡེ་རོང་རྫོང་གི་ས་འགུལ་ཡོང་སར་བརྟག་དཔྱད་ཞིབ་འཇུག་གནང་།

རྩོམ་པ་པོ། སྒྲོལ་མ་ཚེ་མཚོས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-09-26 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱིཟླ9པའི་ཚེས18ཉིན་ནས་ཚེས19ཉིན་གྱི་བར་ལུགས་རྙིང་གི་ཟླ་བ་བརྒྱད་པའི་ཟླ་མཆོད་དུས་ཆེན་རོལ་ནས་ཁྱིམ་མི་ཚོ་མཉམ་འཛོམས་བྱེད་པའི་སྐབས་སུ།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ་སྡེ་རོང་རྫོང་གི་རྩེ་གན་ཤང་དུ་ཕེབས་ནས་གནོད་སྐྱོན་ཐེབས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་གཟིགས་ཞིབ་དང་ཆ་རྒྱུས་བླངས་ཞོར་དུ་ཁོ་ཚོར་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་བརྒྱུད་བསྒྲགས་གནང་བ་རེད།

ཁོང་གིས་ནན་གསུང་གནང་དོན། སྡེ་རོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ངེས་པར་དུ་སེམས་ཤུགས་གཅིག་བསྒྲིམ་བྱས་ནས་གོ་སྐབས་དམ་འཛིན་བྱེད་པ་དང་།རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་གནོད་སྐྱོན་ཐེབས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་ཀྱི་གོ་སྐབས་དང་བསྟུན་ནས་སྡེ་རོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་གང་ཐུབ་བྱེད་དགོས།

སྤྱིཟླ9པའི་ཚེས18ཉིན།འདབ་པའི་ཉི་སྟེན་གནམ་གྲུ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་པའི་འབྲེལ་ཡོད་བྱེད་སྒོ་མཇུག་བསྒྲིལ་རྗེས།ཡེ་ཤེས་ཟླ་བ་དང་ལྷན་ཕེབས་བཅས་པ་བྲེལ་འཚུབ་ངང་སྡེ་རོང་རྫོང་ཟླ་བ8པའི་ཚེས31ཉིན་ས་འགུལ་ཡོང་སའི་རྩེ་གན་ཤང་དུ་ཕེབས་པ་རེད།རྩེ་གན་ཤང་དུ་སླེབས་སྐབས་ཕྱི་དྲོའི་ཆུ་ཚོད17རེད་ཡོད་མོད།ཡེ་ཤེས་ཟླ་བས་ངལ་གསོ་བྱེད་ཁོམ་མེད་པར་ལམ་སང་གནོད་སྐྱོན་ཐེབས་རྗེས་ཀྱི་གཞུང་ལམ་ཉམས་གསོ་བྱེད་ཚུལ་དང་།རྐང་ཞུའེ་གློག་འདོན་ས་ཚུགས་ལ་གྱོ ང་གུད་ཕོག་ཚུལ་དང་བར་བརྒལ་བཀོད་སྒྲིག་བྱེད་སའི་གནས་ཚུལ་བཅས་ཡུལ་དངོས་སུ་གཟིགས་ཞིབ་གནང་བ་རེད།གནོད་སྐྱོན་ཐེབས་པའི་མང་ཚོགས་བར་བརྒལ་བཀོད་སྒྲིག་བྱེད་སར་ཕེབས་སྐབས།ཡེ་ཤེས་ཟླ་བ་གུར་ནང་ཕེབས་ནས་གནོད་སྐྱོན་ཐེབས་པའི་མང་ཚོགས་དང་བྱམས་བརྩེའི་ངང་ཞལ་བརྡ་ལབ་པ་དང་།ཁོ་ཚོའི་འཚོ་བའི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཚགས་བླངས་པ་རེད།སྡེ་རོང་རྫོང་གི་རྩེ་གན་ཤང་གི་བར་བརྒལ་བཀོད་སྒྲིག་བྱེད་ས15ཡི་གནོད་སྐྱོན་ཐེབས་སའི་མང་ཚོགས་ཚང་མར་གུར་ཡོད་པ་དང་ཟས་བཟའ་རྒྱུ་ཡོད་པ།ཆུ་བཏུང་རྒྱུ་ཡོད་པ།རྫོང་འཕྲོད་བསྟེན་སྡེ་ཁག་གིས་དུས་བཀག་ལྟར་བར་བརྒལ་བྱེད་སར་གཙང་སྦྲ་དང་རིམས་འགོག་བྱེད་སྐབས།ཡེ་ཤེས་ཟླ་བས་ལྷན་ཕེབས་དང་བཅས་པས་་བཤད་རྒྱུར།ངེས་པར་དུ་བར་བརྒལ་བཀོད་སྒྲིག་བྱེད་ས་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།འཕྲོད་བསྟེན་རིམས་འགོག་བྱེད་ཤུགས་ཆེ་རུ་བཏང་ནས་བར་བརྒལ་བཀོད་སྒྲིག་བྱེད་ས་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།འཕྲོད་བསྟེན་རིམས་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཡང་དུ་གནོད་འཚེ་མི་ཡོང་བ་སྔོན་འགོག་དོ་དན་ཡག་པོ་བྱས་ནས་གནོད་སྐྱོན་ཐེབས་པའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་བདེ་འཇགས་ཡོང་བར་འགན་སྲུང་བྱེད་པ་དང་།གནོད་སྐྱོན་ཐེབས་པའི་མང་ཚོགས་ལ་གུར་ཡོད་པ་དང་ཟས་བཟའ་རྒྱུ་ཡོད་པ།ཆུ་བཏུང་རྒྱུ་ཡོད་པ།གོས་གྱོ ན་རྒྱུ་ཡོད་པ།ནད་བསྟེན་ས་ཡོད་པར་འགན་སྲུང་བྱེད་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག