མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

འབའ་ཐང་རྫོང་གིས་ལྗོངས་རྒྱུ་ལས་སྒྲུབ་མི་སྣའི་བྱང་ཚད་མཐོར་འདེགས་བཏང་།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-09-26 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་གི་ལྗོངས་རྒྱུ་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོ གས་སུ་གཏོང་བ་དང་། ཚད་ཆེ་ཤོས་ཀྱི་ཐོག་ནས་ཞིང་པའི་དུད་ཚང་འགའི་ཡུལ་མིའི་སྣེ་ལེན་བྱེད་ཁང(ས་ཚུགས)གསར་སྐྲུན་བྱེད་པའི་ནུས་རྩལ་གྱི་དགོས་མཁོ་སྐོང་ཐུབ་པའི་ཆེད་དུ། ཉེ་ཆར། རྫོང་དེས་ལྗོངས་རྒྱུའི་ཡུལ་མི་སྣེ་ལེན་དང་བཟའ་བཅའ་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱས་པ་རེད།

རྫོང་དེའི་མཚོ་ཕུ་མཚེའུ་ཡི་མཛེས་ལྗོངས་ས་ཁུལ་ཡི་མཐའ་སྐོར་དུ་ཐོན་སྐྱེད་ཚོང་གཉེར་གྱི་ནུས་པ་དང་། ལྗོངས་རྒྱུ་གསར་སྦོལ་གྱི་ལས་ཀ་སྒྲུབ་མཁན། བཟའ་བཅའ་ཞབས་ཞུའི་འདུ་ཤེས་ཡོད་པའི་ཞིང་འབྲོག་མང་ཚོགས113གསོ་སྐྱོང་སྦྱོང་བརྡར་ནང་ཞུགས་ཡོད་པ་རེད། གསོ་སྦྱོང་འཛིན་གྲྭའི་ནང་རྫོང་སྲིད་གཞུང་གི་ལས་བགོས་འགན་ཁུར་གྱི་འགོ་ཁྲིད་དང་། རྫོང་དབུལ་སྐྱོར་གནས་སྤོ་ཅུས། རྫོང་ལྗོངས་རྒྱུ་ཅུས་ཀྱི་འགན་ཁུར་མི་སྣ་སོགས་ཀྱིས་གསོ་སྦྱོང་ནང་ཞུགས་པའི་མི་སྣ་ལ་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་གཏོང་བའི་གལ་ཆེའི་དོན་སྙིང་དང་། དཀའ་ངལ། འཕྲད་པའི་གོ་སྐབས་བཅས་དང་། དེ་མ་ཟད་འབའ་ཐང་རྫོང་གི་ལྗོངས་རྒྱུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་བསམ་ཚུལ་དང་། དམིགས་ཡུལ། སྲིད་ཇུས་ཀྱི་བྱེད་ཐབས། ཡུལ་མིའི་སྣེ་ལེན་ལ་ཚང་དགོས་པའི་ཆ་རྐྱེན། ལག་བསྟར་བྱེད་པའི་གཞི་རྩའི་འོས་འགན་དང་། ཁུར་དགོས་ངེས་ཀྱི་འགན་འཁྲི་སོགས་ཀྱི་སྐོར་འགྲེལ་བཤད་བྱས་པ་དང་། ད་དུང་ཆེད་གཉེར་སྣེ་ལེན་མི་སྣ་གདན་ཞུ་བྱས་ནས་འབྲེལ་ཡོད་ལས་ཀའི་ཐད་ཀྱི་ཆེད་གཉེར་ལག་རྩལ་ཤེས་བྱ་སློབ་ཁྲིད་བྱས་པར་མ་ཟད་། སྦྱོང་བརྡར་ནང་ཞུགས་མཁན་མི་སྣ་ཡོད་ཚད་མགྲོན་ཁང་ནང་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་བཀོལ་སྤྱོད་སྦྱོང་བརྡར་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག