མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

མཛོད་དགེ་རྫོང་གི་རོང་འབྲོག་པ་ནད་པ9ལ་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ཀྱི་ཁ་གསབ་མ་དངུལ་སྒོར228101ཐོབ་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-09-25 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་གིས་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ཀྱི་ཐེབས་རྩའི་ཕན་ནུས་སྔར་བས་ཇེ་ཆེར་བཏང་ཞིང་། དངོས་གནས་རོང་འབྲོག་པ་མང་ཚོགས་ཀྱི་སྨན་བཅོས་འགན་ཁུར་ཇེ་ཡང་དུ་བཏང་བས། མཉམ་ལས་སྨན་བཅོས་ནང་ཞུགས་པའི་རོང་འབྲོག་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་སྲིད་ཇུས་ཐད་ཀྱི་ཕན་ཡོན་དངོས་གནས་རོལ་མྱོངས་ཐུབ་པ་བྱུང་། མིག་སྔར་མཉམ་ལས་སྨན་བཅོས་ནང་ཞུགས་པའི་ནད་པ9ཡིས་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ཐད་ཀྱི་ནད་ཡམས་ཚབས་ཆེན་ལ་ཆེད་དུ་ཁ་གསབ་བྱེད་པའི་མ་དངུལ་སྒོར228101ལོན་པས། རོང་འབྲོག་པ་མང་ཚོགས“ནད་ཕོག་པས་དབུལ་བོར་གྱུར་པ་དང་ནད་ཀྱིས་རྐྱེན་གྱིས་ཕྱིར་དབུལ་བོར་གྱུར་པའི”སྣང་ཚུལ་དག་དལ་གྱིས་སེལ་ཐུབ་པ་བྱུང་།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག