མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལྕགས་ཟམ་རྫོང་གིས་གནས་སྤོ་ཡུལ་མི་མང་ཚོགས་ལ་གསོ་སྤེལ་ལག་རྩལ་བསླབས།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-09-24 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་གིས་དབུལ་སྐྱོར་གསར་སྦོལ་དང་གནས་སྤོ་ཡུལ་མི་བཀོད་སྒྲིག་བྱེད་པའི་འགག་སྒྲོལ་ལས་ཀར་ཞབས་ཞུ་ཡག་པོ་བྱེད་ཆེད།ཉེ་སྔོན་གཟའ་འཁོར་གཅིག་གི་རིང་ལྕགས་ཟམ་རྫོང་དུ་གསོ་སྤེལ་ནུས་རྩལ་གསོ་སྦྱོང་བྱེད་པའི་ལས་ཀ་དེ་ཕེང་པ་ཤང་དུ་གཉེར་འགོ་ཚུགས་པས་རྒྱ་ཆེ་བའི་གནས་སྤོ་ཡུལ་མིས་དགའ་བསུ་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས།ལྕགས་ཟམ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།ཤེས་ལྡན་མི་སྣ་བརྗེ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་བཅས་ཀྱིས་ཐེངས་དང་པོར་སྣེ་ཁྲིད་ནས་སྒྲིག་འཛུགས་བྱས་པ་དང་།རྫོང་ཨུའི་ཞིང་ལས་གཞུང་ལས་ཁང་དང་།རྫོང་ནོར་སྲིད་ཅུས།ཞིང་འབྲོག་ཚན་རྩལ་ཅུས།དབུལ་སྐྱོར་གནས་སྤོ་ཡུལ་མི་ཅུས།ཕེང་པ་ཤང་ཏང་ཨུ་དང་ཤང་སྲིད་གཞུང་བཅས་ཀྱིས་རོགས་གཉེར་བྱས་པའི་གསོ་སྤེལ་ནུས་རྩལ་སྦྱོང་བརྡར་གྱི་ལས་ཀ་དེ་གནས་སྤོ་ཡུལ་མིའི་ས་ཁུལ་དུ་བསྐྱལ་བའི་བྱེད་སྒོ་ནི་གནས་སྤོ་མང་ཚོགས་ཀྱི་གསོ་སྤེལ་ནུས་རྩལ་མཐོར་འདེགས་གཏོང་བའི་ཆེད་དུ་ཡིན།གསོ་སྦྱོང་ལས་ཀ་དེ་ནུས་རྩལ་ཞིག་རྟོགས་ཐུབ་པ་དང་།ལས་ཡུལ་གསར་པ་ཞིག་སྐྲུན་ཐུབ་པ།དུས་རབས་ཀྱི་གནས་སྤོས་ཡུལ་མི་གསར་པ་ཞིག་བཟོ་ཐུབ་པ་བཅས་ཀྱི་བརྗོད་བྱ་གཙོ་བོ་བྱས་ནས་གསོ་སྦྱོང་གི་སློབ་ཚན་བཀོད་སྒྲིག་ཞིབ་ཕྲ་བྱས་ནས།གྲོང་མི90ལྷག་ཡུལ་དེ་གར་སློབ་སྦྱོང་བྱེད་སར་ཡོང་བ་རེད།གསོ་སྦྱོང་འཛིན་གྲྭས་ཁུལ་ཕྱུགས་འབྲོག་ཅུས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ལས་སྒྲུབ་ཀྱི་ལོ་རྒྱུས་ཡོད་པའི་མཐོ་རིམ་ཕྱུགས་འབྲོག་དགེ་རྒན2གདན་འདྲེན་ཞུས་ནས་སློབ་ཁྲིད་བྱ་རྒྱུའི་གཙོ་འགན་ཁུར་བ་དང་།སློབ་ཁྲིད་ཀྱི་ནང་དོན་ནི་ནགས་ཁུལ་དུ་རྒྱུད་བཟང་གི་བྱ་རིགས་འདེམས་གསོ་དང་།གསོ་སྤེལ།ནད་འགོགསྨན་བཅོས་སོགས་ཀྱི་ནང་དོན་འདུས་ཡོད།སློབ་ཁྲིད་དེ་ཡུལ་མི་གནས་སྤོས་ས་ཁུལ་གྱི་མང་ཚོགས་ཀྱི་དགོས་མཁོ་དང་ད་ཡོད་ཀྱི་གནས་ཚུལ་དང་མཐུན་པར་བསམ་བློ་གང་ལེགས་བཏང་བ་དང་།རིགས་པའི་གཞུང་ལུགས་དང་ཡུལ་དངོས་སུ་སློབ་ཁྲིད་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་ནས།སློབ་མ་རྣམས་ལ《ནོར་ཕྱུགས་དང་བྱ་རིགས་ཀྱི་ནད་རིགས་སྔོན་འགོག་ཚོད་འཛིན་སྐོར་གྱི་དྲི་བ100》སོགས་ཕྱུགས་འབྲོག་དང་ཕྱུགས་ནད་སྨན་པའི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཡིག་ཆ་སྤྲོད་པ་དང་།ནང་དོན་གསོན་ཉམས་ལྡན་ཞིང་གཏིང་ཟབ་ལ་གོ་བདེ་བ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག