མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་མ་དངུལ་གཏོང་འཇོག་མཉམ་ལས་འཚམས་སྦྱོར་ངོ་སྤྲོད་ཚོགས་འདུ་འདབ་པ་རྫོང་དུ་འཚོགས།

རྩོམ་པ་པོ། མཁས་གྲུབ།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-09-24 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མ་དངུལ་གཏོང་འཇོག་མཉམ་ལས་འཚམས་སྦྱོར་ངོ་སྤྲོད་ཚོགས་འདུ་དང་གྲགས་ཅན་ཁེ་ལས་ཚོ་འདབ་པ་ཉི་སྟེན་དུ་ཕྱིན་ནས་སློབ་གསོར་རོགས་སྐྱོར་གྱི་ཞལ་འདེབས་མཛད་སྒོ་འདབ་པ་རྫོང་དུ་སྤེལ་བ་རེད།

ཚོགས་འདུ་འདི་སི་ཁྲོན་ཞིང་ཆེན་མ་དངུལ་གཏོང་འཇོག་སྐུལ་འདེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱི་ཅུན་གྱིས་གཙོ་འགན་བཞེས་པ་དང་།འདབ་པ་རྫོང་སྲིད་གཞུང་དང་དཀར་མཛེས་ཁུལ་ཚོང་དོན་ཅུས་གཉིས་ཀྱིས་སྒྲུབ་འགན་ཁུར་བ་རེད།ཚོགས་འདུ་རུ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲང་ཅིང་ཁྲོན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཏམ་བཤད་བྱས་ཡོད།དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ།ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱམས་བློས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་གསུང་བཤད་གནང་བ་རེད།བྱམས་བློས་གསུངས་རྒྱུར།དཀར་མཛེས་ཁུལ་ལ་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་།མ་འོངས་པར་འཕེལ་རྒྱས་གཏོང་བའི་རྒྱ་ཁྱོན་ཧ་ཅང་ཆེ་བ་ཡིན།ང་ཚོས་ཚོང་ལས་ལ་མཐོང་ཆེན་དང་རྒྱབ་སྐྱོར།གསར་གཏོད་སོགས་ཀྱི་འདུ་ཤེས་འཛིན་ནས་མགྱོགས་མྱུར་གྱིས《དཀར་མཛེས་ཁུལ་གྱི་ཚོང་པ་ནང་འགུག་དང་མ་དངུལ་ནང་འདྲེན་གྱི་སྲིད་ཇུས》བཏོན་ཏེ་དཀར་མཛེས་ཁུལ་དུ་མ་དངུལ་གཏོང་འཇོག་བྱེད་མཁན་གྱི་ཁེ་ལས་རྣམས་ལ་ནོར་སྲིད་དཔྱ་ཁྲལ་རོགས་སྐྱོར་དང་ས་ཞིང་བེད་སྤྱོད་བྱ་རྒྱུར་འགན་ལེན།མ་དངུལ་རྒྱབ་སྐྱོར་སོགས་ཀྱི་ཐད་ལ་ཆེས་ཆེ་བའི་རྒྱབ་སྐྱོར་བྱེད་ངེས་ཡིན།རང་ཁུལ་གྱི་ཕུན་སུམ་ཚོགས་པའི་ཁོར་ཡུག་འདི་ནི་ཁེ་ལས་པ་རྣམས་ཀྱིས་མ་དངུལ་གཏོང་འཇོག་བྱ་ཡུལ་གྱི་གདམ་ག་ཆེས་བཟང་ཤོས་ཡིན་པས།ཁེ་ལས་པ་སོ་སོས་རྒྱབ་སྐྱོར་དང་མཉམ་འབྲེལ་བྱས་པར་བརྟེན་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་སྣོན་བརྒྱབ་མཐར།མ་འོངས་པའི་དཀར་མཛེས་ནི་དེ་བས་མཚར་སྡུག་འབར་བ་ཞིག་ཏུ་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད།

ཚོགས་འདུ་རུ་ཁུལ་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ལི་ཧྥན་གྱིས་དཀར་མཛེས་ཁུལ་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་ཚོང་འགུག་རྣམ་གྲངས་ཁྱབ་སྤེལ་བྱས་ཡོད།ཚོང་འགུག་རྣམ་གྲངས96འཚམས་སྦྱོར་བྱས་པ་དང་།མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར315.77གཏོང་རྒྱུ།མ་དངུལ་གཏོང་འཇོག་གི་རྣམ་གྲངས12གཙོ་བོར་འཚམས་སྦྱོར་བྱས་པ་དང་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར82.85གཏོང་རྒྱུ།འདབ་པ་རྫོང་གི་རྫོང་དཔོན་གྱིས་རྫོང་རང་ཉིད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་འདབ་པ་རྫོང་གི་ཚོང་འགུག་རྣམ་གྲངས་འཚམས་སྦྱོར་བྱས་པ་རེད།

སྤྱི་ཕན་ཞལ་འདེབས་ཀྱི་མཛད་སྒོའི་སྟེང་གྲགས་ཅན་ཁེ་ལས་སོ་སོའི་གྲོགས་པོ་རྣམས་ཀྱིས་ཐུགས་ཁུར་དང་བརྩེ་བ་ཆེན་པོས་འདབ་པ་རྫོང་གི་རྒ་རྒན་མི་ཧྲེང་དང་དབུལ་ཕོངས་སློབ་མ་རྣམས་ལ་གཅེས་སེམས་ཀྱི་རོགས་སྐྱོར་གནང་བ་རེད།སྒོར་ཁྲི1.3རི་བའི་དངོས་རྫས་ཞལ་འདེབས་བརྒྱབ་ནས་རྒ་རྒན་མི་ཧྲེང14ཡི་དངོས་ཡོད་དཀའ་ངལ་སེལ་བ་དང་།སྒོར་ཁྲི28.2ཀྱིས་དབུལ་ཕོངས་སློབ་མ71ལ་སློབ་གཉེར་བྱེད་པའི་ཞལ་འདེབས་རོགས་སྐྱོར་གནང་བ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག