མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་ཐད་གཏོགས་ལས་སྒྲུབ་ཨུ་ལྷན་གྱིས་ཁུལ་རིམ་པའི་སྡེ་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཨུ་ཡོན་སློབ་སྦྱོང་གསོ་སྦྱོང་གི་འཛིན་གྲྭ་གཉེར།

རྩོམ་པ་པོ། སྒྲོལ་མ་ཚེ་མཚོས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-09-24 10:59

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྔར་ལྷག་གིས་ཁུལ་རིམ་པའི་ལས་ཁུངས་ཀྱི་རྩ་འཛུགས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།ལས་ཁུངས་ཀྱི་ཏང་དོན་ལས་བྱེད་པའི་བྱེད་སྒོའི་བྱང་ཚད་དང་ལས་སྒྲུབ་བྱེད་ནུས་མཐོ་རུ་གཏོང་བ།གནས་བབ་གསར་པའི་འོག་གི་ཏང་དོན་ལས་སྒྲུབ་པའི་དགོས་མཁོ་དང་འཕྲོད་པ་བཅས་བྱེད་ཆེད།ཉེ་ཆར།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐད་གཏོགས་ལས་སྒྲུབ་ཨུ་ལྷན་གྱིས་གཉེར་བའི་ཁུལ་རིམ་པའི་སྡེ་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ཨུ་ཡོན་རྣམས་ཀྱི་སློབ་སྦྱོང་གསོ་སྦྱོང་འཛིན་གྲྭ་དར་མདོ་རུ་གཉེར་བ་རེད།ལས་ཁུངས་ཀྱི་ཏང་ཀྲི་པུའུ231ཡི་རྩ་འཛུགས་ཨུ་ཡོན་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

ཐེངས་འདིའི་གསོ་སྦྱོང་ནི་དཀར་མཛེས་ཁུལ་གྱིས་བཏོན་པའི《དཀར་མཛེས་ཁུལ་གྱི(ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་ལས་ཀའི་སྲོལ་ཡིག་)ལག་བསྟར་བྱེད་ཐབས་ལག་བསྟར་དོན་འཁྱོལ》བྱས་རྗེས་ཁུལ་ཐད་གཏོགས་ལས་སྒྲུབ་ཨུ་ལྷན་གྱིས་གཞི་རིམ་ཏང་དོན་ལས་བྱེད་པར་ཡང་དུ་གཅིག་བསྡུས་ཀྱིས་གསོ་སྦྱོང་ཐེངས་ཤིག་བྱས་པ་དང་།གཙོ་གནད་དུ་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ཀྱི་གཞི་རིམ་རྩ་འཛུགས་ལས་ཀའི་སྲོལ་ཡིག》《ལས་ཁུངས་ཏང་གི་ལས་དོན་གྱི་དངོས་སྤྱོད་ལག་དེབ》སློབ་སྦྱོང་བྱས་ཡོད།དམིགས་ཡུལ་ནི་ཏང་དོན་ལས་བྱེད་པ་དང་ཁྱད་པར་དུ་རྩ་འཛུགས་ཨུ་ཡོན་ཚོར་སྲོལ་ཡིག་ལ་ཆ་རྒྱུས་ཟབ་མོ་ལོན་ཆེད་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཕྱིན་ཆད་ཏང་ཡོན་འཕེལ་རྒྱས་གཏོང་སྐབས།ཏང་གི་རྩ་བའི་ཤེས་བྱ་སློབ་སྦྱོང་གསོ་སྦྱོང་བྱས་མི་མྱོང་ན་འཕེལ་རྒྱས་མི་གཏོང་རྒྱུ།ལོ་གཅིག་ཡན་ཆད་ཀྱི་གསོ་སྐྱོང་དང་རྟོག་ཞིབ་བྱས་མ་མྱོང་ན་འཕེལ་རྒྱས་མི་གཏོང་རྒྱུ།ཆབ་སྲིད་ཞིབ་བཤེར་བྱས་མ་མྱོང་བ་དང་ཡང་ན་ཆབ་སྲིད་ཞིབ་བཤེར་བྱས་པར་ཚད་དང་མཐུན་མེད་ན་འཕེལ་རྒྱས་མི་གཏོང་རྒྱུ།འགྲོ་ལུགས་ཆ་ཚང་བསྒྲུབ་མེད་ན་འཕེལ་རྒྱས་མི་གཏོང་རྒྱུ།མང་ཚོགས་ཀྱི་བསམ་འཆར་ཡོད་པར་གཙང་བཤེར་བྱས་མེད་པ་དང་ཡང་ན་ཏང་ཕྱི་ནང་དུ་རྩོད་པ་ཆེན་པོ་ཡོད་ན་འཕེལ་རྒྱས་མི་གཏོང་རྒྱུ་བཅས་ལྔ་འཕེལ་རྒྱས་མི་གཏོང་རྒྱུའི་བླང་བྱ་ནན་པོ་ལྟར་ཏང་ནང་ཞུགས་རྒྱུའི་སྒྲིག་ལམ་ཚད་ལྡན་ཅན་བྱ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག