མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལི་ཐང་རྫོང་གིས་ལྗོངས་རྒྱུ་ཞབས་ཞུའི་ནུས་རྩལ་སྦྱོང་བརྡར་བྱས།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-09-24 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས1ཉིན་ལྗོངས་རྒྱུ་བ་འབེལ་པོར་བསུ་མ་བྱེད་ཆེད།ཉེ་ཆར།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གིས་བཟའ་བཅའི་ཞབས་ཞུ་མི་སྣ་ལ་ནུས་རྩལ་སྦྱོང་བརྡལ་གྱི་ལས་ཀ་སྤེལ་ནས་སྔར་ལྷག་གིས་ལྗོངས་རྒྱུ་བར་ཞབས་ཞུ་སྤུས་ཚད་མཐོར་འདེགས་བཏང་བ་རེད།

གསོ་སྐྱོང་སྦྱོང་བརྡར་གྱི་ལས་འགན་བདེ་བླག་ངང་འགྲུབ་ཐུབ་པར་ཁག་ཐེག་བྱེད་ཆེད།ཁུལ་དང་རྫོང་གི་དབུལ་སྐྱོར་ཡུལ་མིའི་གནས་སྤོ་ཅུས་ཀྱིས་གསོ་སྦྱོང་འཛིན་གྲྭ་འཛུགས་འགོ་ཚུགས་པའི་ཞིབ་བཤེར་ཆོག་མཆན་དང་།རྗེས་འདེད་ལྟ་སྐུལ་ཁྲིད་སྟོན་གྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་གསོ་སྐྱོང་སྦྱོང་བརྡར་གྱི་ཉིན་གྲངས་དང་སློབ་དུས་ཀྱི་སྒྲིག་ཁྲིམས་ནན་པོ་བྱས་པ་དང་།ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ཏེ་གསོ་སྦྱོང་གི་གོ་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་བྱས་ནས་གསོ་སྦྱོང་གི་སྤུས་ཚད་འགན་ལེན་བྱས་པས།གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་དངོས་སུ་མཐོར་འདེགས་བཏང་བ་རེད།

བསྡོམས་རྩིས་བྱས་པར་ལྟར།ཐེངས་འདིའི་སྦྱོང་བརྡར་ནང་ཞུགས་པའི་མི་གྲངས100ཡི་ནང་།ཞིང་སྡེའི་ངལ་རྩོལ་མི་ལག་ཡུལ་གཞན་དུ་ངལ་རྩོལ་བྱ་རྒྱུའི་ནུས་རྩལ་མཐོར་འདེགས་དང་གསོ་སྦྱོང་བྱེད་མཁན་མི་གྲངས36ཡོད་པ་དང་།ངལ་རྩོལ་མི་ལག་ལས་ཀར་ཞུགས་པའི་སྔོན་གྱི་སྦྱོང་བརྡར་བྱེད་མཁན་མི་གྲངས68ཡོད།རྫོང་དེའི་བཟའ་བཅའ་དོ་དམ་མི་སྣ་མང་པོས་ཐེངས་འདིའི་གསོ་སྐྱོང་སྦྱོང་བརྡར་དེས་བཟའ་བཅའ་ཞབས་ཞུ་མི་སྣའི་ཞབས་ཞུ་ནུས་པ་མཐོར་འདེགས་བཏང་ཡོད་པ་དང་ཡུལ་དེ་གའི་ངལ་རྩོལ་མི་ལག་ལྷག་མའི་ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་བཏང་བ་དང་ཆབས་ཅིགལི་ཐང་རྫོང་གི་བཟའ་བཅའ་ཞབས་ཞུའི་ཆུ་ཚད་ཧྲིལ་པོ་མཐོར་འདེགས་གཏོང་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག