མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

བདེ་ལྕག་འཁྲུག་པོས་ཞབས་བྲོ་འཁྲབ་ནས་གནམ་གྲུ་འཕུར་སྐྱོད་ཐུབ་པར་དགའ་སྟོན་རྟེན་འབྲེལ་ཞུ།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-09-23 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བ9པའི་ཚེས16ཉིན་གྱི་དགོང་མོར།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་དུ་ཚོན་མདོག་རྣམ་པར་བཀྲ་ཞིང་བདེ་ལྕག་འཁྲུག་པོས་གཞས་བྲོ་འཁྲབ།

འཛམ་གླིང་གི་ས་ཁད་ཆེས་མཐོ་བའི་དམངས་སྤྱོད་གནམ་གྲུ་ཐང་སྟེ་འདབ་པའི་གནམ་གྲུ་ཐང་དུ་གནམ་གྲུ་དངོས་སུ་འཕུར་སྐྱོད་ཐུབ་པའི་སྐབས་སུ། ཉི་སྟེན་གནམ་གྲུ་ཐང་དུ་གནམ་གྲུ་འཕུར་སྐྱོད་ཐུབ་པའི་མཛད་སྒོའི་ནང་ཞུགས་མཁན་ཀྲུང་དབྱང་དང་ཁུལ་རིམ་པའི་འགོ་ཁྲིད།འདབ་པ་རྫོང་གི་ཤམ་བྷ་ལ་གྲོང་རྡལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་རྣམས་དང་མཉམ་དུ་རི་གསུམ་མགོན་པོའི་མགྲོན་ཁང་གི་མདུན་དུ་དགའ་འཛོམས་བྱས་ནས་ཉི་སྟེན་གྱི་སྒེག་ཉམས་དང་ཉི་སྟེན་གྱི་མི།ཉི་སྟེན་གྱི་ལྷ་ལ་གཟིགས་ཞེས་པའི་བརྗོད་བྱ་གཙོ་བོའི་མང་ཚོགས་ཀྱི་རིག་རྩལ་ཕྱོགས་བསྡུས་འཁྲབ་སྟོན་བྱས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་མཚན་མོ་ཞིག་གཏོང་བ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག