གུང་སེང་གཏོང་བའི་ཉིན་གཉིས་པར་གཟི་རྩ་སྡེ་དགུ་ཡིས་གནས་སྐོར་བ་མི23362ལ་སྣེ་ལེན་བྱས་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བརྒྱད་པའི་བཅོ་ལྔའི་དུས་ཆེན་གྱི་གུང་སེང་སྐབས་སུ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་རྩ་སྡེ་དགུ་ཡིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་སྐོར་དང་སྐོར་གཅིག་བསུས་པས། སྤྱི་ཟླ9པའི་ཚེས20ཉིན་ཁོ་ནར་རྒྱལ་ཡོངས་ཀྱི་གནས་སྐོར་བ་མི23362ལ་སྣེ་ལེན་བྱས་ཤིང་། ན་ནིང་གི་དེ་ཉིན་ལས་མི8300ཇེ་མང་དུ་སོང་བ་དང་དུས་མཉམ་ལས55.11%འཕར་བ་རེད།།