མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཁམས་པ་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་འགྲན་སྡུར་མཇུག་རྫོགས་པ།

རྩོམ་པ་པོ། ཟླ9པའི་ཚེས18ཉིན། ཁམས་པ་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་རྟིང་རྩོད་འགྲན་སྡུར་དང་བྱ་དགའ་གནང་བའི་དགོང་ཚོགས་དེ་སི་ཁྲིན་བརྙན་འཕྲིན་ཁང་གི་འགྲེམ་གཏོང་ཚོམས་ཆེན་དུ་བསྡུས་པ་རེད།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-09-21 10:58

                 ཁམས་པ་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་འགྲན་སྡུར་མཇུག་རྫོགས་པ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས18ཉིན། ཁམས་པ་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་རྟིང་རྩོད་འགྲན་སྡུར་དང་བྱ་དགའ་གནང་བའི་དགོང་ཚོགས་དེ་སི་ཁྲིན་བརྙན་འཕྲིན་ཁང་གི་འགྲེམ་གཏོང་ཚོམས་ཆེན་དུ་བསྡུས་པ་རེད། ཐེངས་འདིའི་འགྲན་སྡུར་སྟེང་ཉེ་བའི་ལོ་ནང་བོད་ཁུལ་གྱི་རྒྱ་བོད་སྐད་གཉིས་སློབ་གསོའི་གྲུབ་འབྲས་དང་། བོད་ཁུལ་གྱི་སློབ་མའི་བརྩོན་པ་ཡར་བསྐྱེད་དང་ཕུགས་འདུན་འཚོལ་སྙེག་བྱེད་པའི་བསམ་པའི་འཁྱེར་སོ་མངོན་པར་མཚོན་ལ། ལྷ་ས་ནས་ཡོང་བའི་འགྲན་ཞུགས་པ་ཚེ་བརྟན་རྡོ་རྗེ་ཡིས་བྱ་དགའ་ཨང་དང་པོ་བླངས་པ་རེད།

  ཁམས་པ་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་འགྲན་སྡུར་དེ2011ལོར་བསྡུས་ཤིང་། ད་ལོར་ཐེངས་གསུམ་པར་སྤེལ་བ་རེད། སྐབས་འདིའི་འགྲན་སྡུར་ནི་ཁམས་པ་བརྙན་འཕྲིན་ཁང་དང་། དཀར་མཛེས་དང་ཆབ་མདོ། ཡུལ་ཤུལ། བདེ་ཆེན། རྔ་བ། ལྷ་ས། ལྷོ་ཁ་སོགས་ཀྱི་དྲིལ་སྒྲོག་པུའུ། སི་ཁྲིན་ཞིང་ཆེན་སློབ་གསོ་ཐིན9+3གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ནས་བསྒྲུབས་པ་རེད། སྐབས་སྔོན་མའི་འགྲན་སྡུར་དང་བསྡུར་ན། སྐབས་འདིའི་འགྲན་སྡུར་སྟེང་ལྷ་ས་དང་ལྷོ་ཁའི་འགྲན་ཞུགས་པ་ཁ་སྣོན་བྱས་ནས། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གསུམ་འདུས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག