མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སི་ཁྲོན་འདབ་པའི་ཉི་བརྟེན་གནམ་གྲུ་ཐང་ཚེས16ཉིན་དངོས་སུ་ཤར་གཏོང་ཐུབ་པ།

རྩོམ་པ་པོ། རྩོམ་པ་པོ། བདེ་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-09-18 10:34

                     སི་ཁྲོན་འདབ་པའི་ཉི་བརྟེན་གནམ་གྲུ་ཐང་ཚེས16ཉིན་དངོས་སུ་ཤར་གཏོང་ཐུབ་པ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་དམངས་སྤྱོད་གནམ་གྲུ་ཐང་སྟེ་འདབ་པའི་ཉི་བརྟེན་གནམ་གྲུ་ཐང་དེ་ཟླ9པའི་ཚེས16ཉིན་དངོས་སུ་ཤར་གཏོང་ཐུབ་ཅིང་། སི་ཁྲོན་ཁྲིན་ཏུའུ་ནས་འདབ་པའི་ཉི་བརྟེན་བར་གྱི་ཉིན2ཀྱི་ལམ་ཐག་དེ་ཇེ་ཐུང་དུ་སོང་ནས་སྐར་མ65ཡིས་ཐོན་ཐུབ་པ་རེད།

  ཐོག་མར་ཁྲིན་ཏུའུ་ནས་འདབ་པའི་བར་གྱི་ཕར་གཏོང་ཚུར་འོང་གི་མཁའ་ལམ་མ་གཏོགས་ཤར་གཏོང་བྱས་མེད་ཅིང་། ཉིན་རེར་ཐེངས་གཅིག་དང་གནམ་གྲུའི་སྤ་སེའི་རིན་གོང་ཧྲིལ་བོར་སྒོར1600ཡིན་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན་ཁྲིན་ཏུའུ་ནས་འདབ་པའི་བར་གྱི་ཕར་གཏོང་ཚུར་འོང་གི་གནམ་གྲུ་གཏོང་གིན་ཡོད་པར་མ་ཟད། ཁྲུང་ཆིན་ནས་འདབ་པ་དང་། འབར་ཁམས་ནས་འདབ་པའི་བར་གྱི་གནམ་གྲུ་དེ་རྒྱལ་སྟོན་སྔོན་དུ་ཤར་གཏོང་བྱེད་རྒྱུ་ཡིན་ལ། ཀོང་ཀྲིག་དང་། ཧྲང་ཧེ། ཞི་ཨན་སོགས་ནས་འདབ་པའི་བར་གྱི་གནམ་གྲུ་དེ་འཆར་གཞི་ལྟར་ན2014ལོར་ཤར་གཏོང་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག