མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

རྔ་བ་ཁུལ་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འབར་ཁམས་སུ་གཟབ་རྒྱས་ངང་བསྡུས་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-09-17 10:04

 ཚོགས་རའི་ཡུལ་དངོས།

རྟེན་འབྲེལ་མཛད་སྒོའི་རྒྱལ་གླུ་ཁྲོད་འགོ་ཚུགས་པ།

 

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས16ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་ཁུལ་ལྟེ་གནས་འབར་ཁམས་སུ་གཟབ་རྒྱས་ངང་བསྡུས།

 རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་སམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་འབྱོར་ཞིང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་ལིས་ཀྲའོ་ཡིས་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པར་སྣེ་ཁྲིད་ནས་རྟེན་འབྲེལ་ཞུ་རུ་ཡོང་བ་མ་ཟད་ད་རུང་གཏམ་བཤད་སྤེལ།
   ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཝང་ཏུང་མེན་གྱིས་མཛད་སྒོའི་སྟེང་གཏམ་བཤད་སྤེལ།
   རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་རྔ་བ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀུའུ་ཡོན་ལུང་གིས《ཀྲུང་གུང་རྔ་བ་ཁུལ་ཏང་ཨུའམ་རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་དང་དཔེ་བཟང་མི་སྒེར་བསྟོད་བསྔགས་བརྗོད་པའི་སྐོར་གྱི་ཆོད་དོན》སྒྲོག་འདོན་བྱས།
   རྟེན་འབྲེལ་ཞུ་བའི་གྲོས་རིམ་མཇུག་གྲིལ་རྗེས། རིགས་སོ་སོའི་མང་ཚོགས་ཀྱིས་བརྗོད་གཞི་གཙོ་བོ《མཛེས་སྡུག་ལྡན་པའི་རྔ་བ》ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེན་མོ་བསྡུས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག