མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

བཙན་ལྷའི་བོད་ཁུལ་མང་ཚོགས་ཀྱིས་ནུས་རྩལ་དང་གསར་གཏོད་གསོ་སྦྱོང་འཛིན་གྲྭ་བཙུགས་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-08-22 10:52

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས20ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་གི་བོད་ཁུལ་མང་ཚོགས་ཀྱིས་ནུས་རྩལ་དང་བྱ་གཞག་གསར་གཏོད་གསོ་སྦྱོང་འཛིན་གྲྭ་ཏ་ཝེ་སློབ་ཆུང་ནས་འཚོགས་འགོ་ཚུགས།

 ཐེངས་འདིའི་གསོ་སྦྱོང་ལས་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་བྱེད་སྟངས་དང་བོད་ཁུལ་མང་ཚོགས་ཀྱིས་ཇི་ལྟར་བྱ་གཞག་གསར་གཏོད་བྱེད་ཚུལ་སོགས་ཀྱི་ཕྱོགས་ནས་གསོ་སྦྱོང་སློབ་མར་ཆེད་ལས་དང་ཆ་ཚང་བའི་སྒོ་ནས་གསོ་སྦྱོང་བྱས་ཤིང་། གསོ་སྦྱོང་མཇུག་སྒྲིལ་རྗེས་སློབ་གཉེར་བར་འབྲེལ་ཡོད་ཀྱི་དཔང་ཡིག་ལག་ཁྱེར་སྟེར་རྒྱུ་ཡིན་པ་རེད།
  

 རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ལས་རང་འགུལ་སྒོས་མིང་ཐོ་འགོད་པའི་བྱེད་ཐབས་སྤྱད་པ་དང་། བསྡོམས་པས་མི52
གསོ་སྦྱོང་ནང་ཞུགས་པ་དང་། གསོ་སྦྱོང་ལ་ཞུགས་པའི་མི་སྣ་ཚང་མ་ནི་རྫོང་འདིའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་དང་ཞིང་གྲོང་གི་ལས་སྒུག་མི་སྣ་བཅས་ཡིན་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག