མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

རྔ་བ་ཁུལ་སྨན་བཅོས་རུ་ཁག་གིས་དམར་ཐང་རྫོང་དུ་འོས་འགན་སྐོར་སྐྱོད་སྨན་བཅོས་བྱས་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-07-02 10:59

 ཞིབ་བཤེར་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སྐོར་སྐྱོད་སྨན་བཅོས་རུ་ཁག་གི་ཆེད་ལས་ལག་རྩལ་མི་སྣ་བསྡོམས་པས་མི14དམར་ཐང་རྫོང་དུ་བསྐྱོད་ནས་དུས་ཚིགས་གཉིས་པའི་འོས་འགན་སྐོར་སྐྱོད་བརྟག་དཔྱད་སྨན་བཅོས་བྱ་འགུལ་སྤེལ་ཞིང་། ས་དེ་གའི་མི་སེར་ལ་འདྲི་གཅོད་དང་ཞིབ་བཤེར། དེ་མིན་བདེ་ཐང་ཤེས་བྱའི་སློབ་གསོ་བཅས་འདོན་སྤྲོད་བྱས།

  ཐེངས་འདིའི་འོས་འགན་སྐོར་སྐྱོད་བརྟག་དཔྱད་སྨན་བཅོས་བྱ་འགུལ་ཁྲོད་འདྲི་གཅོད་བྱེད་མཁན་མི་ཐེངས295དང་ལེན་བྱས་ཤིང་མི54ལ་བདེ་ཐང་ལུས་ཕུང་ཞིབ་བཤེར་བྱས། དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ162འགྲེམ་གཏོང་བྱས་པ་དང་། རིན་གོང་སྒོར600ལྷག་གི་སྨན་རྫས་རིན་མི་དགོས་པས་གཏོང་སྤྲོད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག