མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

རྔ་བ་ཁུལ་གྱིས་བོད་ཁུལ་ལས་གཞིའི་ཆེད་དམིགས་ཞིབ་བཤེར་བྱ་བ་སྤེལ་བ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་ཁུལ་སྲིད་གཞུང་དྲ་བ།  2013-07-01 11:08

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གོང་འཕེལ་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ཞིབ་བཤེར་ལས་ཚོགས་ཀྱིས་ཁུལ་ནོར་སྲིད་ཅུའུ་དང་ཁུལ་རྩིས་བཤེར་ཅུའུ་སོགས་སྡེ་ཁག་གིས་མཉམ་འབྲེལ་སྒོས་ཛམ་ཐང་རྫོང་དང་རྔ་བ་རྫོང་གི་བོད་ཁུལ་ཆེད་དམིགས་ལས་གཞིའི་གྲོང་ཁྱེར་དོ་དམ་ལས་དོན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སྐོར་གྱི་ལས་གཞི4ལ་ཆེད་དམིགས་ཞིབ་བཤེར་བྱས། ཞིབ་བཤེར་ཚན་ཆུང་གིས་སྙན་ཞུར་མཉན་པ་དང་ཡུལ་དངོས་སུ་བརྟག་པ། ཡིག་ཆར་བལྟ་ཀློག་བྱེད་པ། ཡུལ་དངོས་སུ་འདྲི་གཅོད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་བཞིན་པའི་ལས་གཞི་ལག་བསྟར་སྐོར་གྱི་གནས་ཚུལ་དངོས་རྒྱུས་ལོན་བྱུང་ཞིང་ད་རུང་དག་བཅོས་སྐོར་གྱི་བསམ་འཆར་འདོན་སྤྲོད་བྱས། ལས་གཞི་འདི་སྤེལ་བ་ལས་རྔ་བ་ཁུལ་གྱི་བོད་ཁུལ་ཆེད་སྤྱོད་ལས་གཞི་ལག་བསྟར་བྱེད་པའི་འཕེལ་རིམ་ལ་སྔར་བས་སྐུལ་འདེད་བྱས་ཤིང་། རྒྱལ་ཁབ་ཀྱིས་ལས་གཞིར་མ་དངུལ་གཏོང་བར་ཁག་ཐེག་བྱེད་པར་དངོས་ནས་སྤྱི་ཚོགས་ཀྱི་ཕན་ནུས་འདོན་སྤྲོད་བྱས།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག