མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཁྲོ་ཆུ་རྫོང་གི་སློབ་གསོ་དོ་མཉམ་གོང་འཕེལ་ཡོང་བས་ལོ་རན་བྱིས་པ་སློབ་ཞུགས་ཚད99.64%ལ་བསླེབས་ཡོད་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-07-01 11:08

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྲོ་ཆུ་རྫོང་གིས་རྫོང་རང་གི་སློབ་གསོའི་དངོས་ཡོད་གནས་ཚུལ་ལྟར། 《ཁྲོ་ཆུ་རྫོང་ཞིང་སྡེའི་འོས་འགན་སློབ་གསོའི་གནས་བབས་ལེགས་སྒྲིག་ཆེད་དམིགས་ལས་གཞིའི་སྐོར་གྱི་འཆར་འགོད》ཁྱོན་ཡོངས་ལག་བསྟར་བྱས་པས། གོ་རིམ་ལྡན་པས་སྒོ་ནས་རྫོང་ཁོངས་སློབ་གསོའི་ལས་དོན་དོ་མཉམ་གོང་འཕེལ་ཡོང་བར་སྐུལ་འདེད་བྱས།

མིག་སྔའི་བར་དུ། རྫོང་འདིའི་ཞིང་སྡེའི་བྱིས་གཉོར་ཁང22ཁྱོན་ཡོངས་ནས་ལས་འགོ་ཚུགས་ཤིང་། མུ་མཐུད་དུ“ཕལ་ཆེར་གཉིས”ཀྱི་གྲུབ་འབྲས་ཇེ་བརྟན་མཐོར་འདེགས་སུ་བཏང་བས། རྫོང་ཡོངས་ཀྱི་སློབ་ན་མ་སོན་གོང་གི་སློབ་གསོའི་སློབ་ཞུགས་ཚད49.35%ལ་བསླེབས་པ་དང་། སློབ་ཆུང་དང་སློབ་འབྲིང་གི་སློབ་ཞུགས་ཚད113.84%ལ་བསླེབས་ཡོད་ལ། སློབ་ཆུང་དང་སློབ་འབྲིང་གི་སློབ་མ་མཐར་ཕྱིན་ཚད་ཚང་མ100%ལ་སོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག