མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལི་རྫོང་གིས“6.26”རྒྱལ་སྤྱིའི་དུག་རྫས་བཀག་སྡོམ་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-06-28 08:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས26ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ལི་རྫོང་གི་སྤྱི་བདེ་ཅུའུ་དུག་རྫས་བཀག་སྡོམ་ཨུ་ཡོན་ལྷན་ཁང་མཉམ་འབྲེལ་དྲིལ་བསྒྲགས་པུའུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་། སྲིད་འཛིན་ཅུའུ་། སློབ་གསོ་ཅུའུ་། གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་། ཚན་རྩལ་ཅུའུ། ནགས་ལས་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས“6.26”རྒྱལ་སྤྱིའི་དུག་རྫས་བཀག་སྡོམ་ཉིན་མོའི་བརྗོད་གཞི་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་སྤེལ། 

བྱ་འགུལ་སྤེལ་ཡུལ་དངོས་སུ། ད་ལོའི་རྒྱལ་སྤྱིའི་དུག་རྫས་བཀག་སྡོམ་ཉིན་མོའི“དུག་རྫས་བཀག་འགོག་དང་དུག་རྫས་བཀག་སྡོམ་ནང་ཞུགས་པ”ཅེས་པའི་བརྗོད་གཞི་གཙོ་བོ་དམིགས་ཏེ། འབྲེལ་ཡོད་སྡེ་ཁག་སོ་སོས་དྲིལ་བསྒྲགས་རྒྱུས་ལོན་ས་ཚིགས་བཙུགས་ཤིང་། ཡུལ་དངོས་ཀྱི་མཐའ་འཁོར་རུ་དུག་རྫས་བཀག་སྡོམ་སྐོར་གྱི་དྲིལ་བསྒྲགས་བྱང་བུ་བཀལ་ཡོད་པ་དང་། དུག་རྫས་བཀག་སྡོམ་སྐོར་གྱི་དྲིལ་བསྒྲགས་པང་ལེབ་མང་པོ་བཤམས་ནས་མང་ཚོགས་ལ་བལྟ་རུ་བཅུག་པས་དུག་རྫས་ཀྱི་གནོད་འཚེ་ལ་རྒྱུས་ལོན་བྱུང་།

བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི“6•26”དྲིལ་བསྒྲགས་བྱ་འགུལ་ཁྲོད་བསྡོམས་པས་དྲིལ་བསྒྲགས་ས་ཚིགས2བཙུགས་ཤིང་། བྱང་བུ་ཆ4བཀལ་ལ། 《རང་རྒྱལ་དུག་རྫས་བཀག་སྡོམ་བྱ་བའི་བྱེད་སྟངས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ》སོགས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ500ལྷག་དཔར་འགྲེམ་བྱས། རྒྱུས་ལོན་ས་ཚིགས2བཙུགས་པས་འདྲི་གཅོད་བྱེད་མཁན་མི་ཐེངས100ལྷག་ལ་སྣེ་ལེན་བྱས།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག