མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ད་ལོ་ནས་བཟུང་ས་འགུལ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ནི་རྔ་བ་ཁུལ་གྱིས་དམིགས་འབེན་དཔྱད་ཞིབ་ནང་བཞག་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-06-26 11:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ས་འགུལ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ཅུའུ་ནས་ཤེས་རྟོགས་བྱུང་བ་ནི། རྔ་བ་ཁུལ་གྱིས《རྔ་བ་ཁུལ་ས་འགུལ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་བྱ་བའི་དམིགས་འབེན་དཔྱད་ཞིབ་བྱེད་ཐབས》གཏན་འབེབས་ཕྱིར་འདོན་བྱས་ཤིང་། ད་ལོ་ནས་བཟུང་ས་འགུལ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་བྱ་བ་དེ་རྫོང་སོ་སོའི་སྲིད་གཞུང་དང་ཁུལ་ཐད་གཏོགས་སྡེ་ཁག་སོ་སོའི་དམིགས་འབེན་དོ་དམ་དཔྱད་ཞིབ་ཀྱི་ནང་དོན་དུ་བཞག

 

《རྔ་བ་ཁུལ་ས་འགུལ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་བྱ་བའི་དམིགས་འབེན་དཔྱད་ཞིབ་བྱེད་ཐབས》 ཀྱི་དཔྱད་ཞིབ་གོ་དོན་ནི་ས་འགུལ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་བྱ་བའི་ནང་རྐྱེན་དང་བྱ་བའི་ཆ་རྐྱེན་འགན་སྲུང་། ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་སོགས་ལས་གཞི6གི་དམིགས་འབེན་དོན་ཚན9ལ་ཁྱབ་ཡོད་པ་དང་བསྡོམས་པས་ཁག100རུ་བགོས་ཡོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག