མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སྡེ་དགེ་རྫོང་གིས་འབྲུ་སོན་ཁ་གསབ་མ་དངུལ་སྒོར་ཁྲི60.29གཏོང་སྤྲོད་བྱས་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། དཀར་མཛེས་ཉིན་རེའི་ཚགས་པར།  2013-06-24 11:11

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་དམངས་ཕན་སྲིད་ཇུས་དངོས་གནས་དོན་ཐོག་ཏུ་འཁྱོལ་ཆེད། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནོར་སྲིད་སོགས་སྡེ་ཁག་ལས་གྲུབ་པའི་ལས་དོན་ཚོ་ཆུང་དེ་ཞིང་ལས་གྲོང་རྡལ13ལ་སོང་ནས་འབྲུ་སོན་ཁ་གསབ་དངུལ་གཏོང་སྤྲོད་བྱས། མ་དངུལ་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། ལས་དོན་ཚོ་ཆུང་གིས་མིང་ཐོ་འགོད་པའི་ལག་དེབ་སྟེར་བའི་རྨང་གཞའི་སྟེང་ཤང་དང་གྲོང་རྡལ། སྡེ་བ་བཅས་ཀྱི་ཞིང་ཁྱིམ་བར་འབྲུ་སོན་ཁ་གསབ་མ་དངུལ་བདེ་འཇགས་ངང་གཏོང་སྤྲོད་བྱེད་པའི་ཁས་ལེན་ཡི་གེ་བཀོད་ཅིང་། 2012ལོའི་འབྲུ་སོན་ཁ་གསབ་མ་དངུལ་སྒོར་ཁྲི60.29ཚང་མ་ཁ་བཤད་ལག་བསྟར་སྒོས་འབྲུ་འདེབས་ཞིང་པའི་ལག་ཏུ་གཏོང་སྤྲོད་བྱ་རྒྱུ་དང་། འབྲུ་འདེབས་མང་ཚོགས་ཀྱི་བརྩོན་སེམས་སྔར་བས་མཐོར་འདེགས་བྱས་པས། རྫོང་འདིའི་འབྲུ་རིགས་ཐོན་འཕར་ཡོང་བ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་རྨང་གཞི་བརྟན་པོ་བཏིངས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག