མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

2012ལོར་རྔ་བ་ཁུལ་གྱིས་མི21634ལ་དབུལ་ཕོངས་ལས་ཐར་བ་དང་དཀའ་ངལ་སེལ་བའི་ལས་འགན་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-06-24 10:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གཟབ་ནན་ཞིབ་ཕྲའི་སྒོས་བརྟག་དཔྱད་མཐིལ་རྟོགས་བྱས་པ་བརྒྱུད། 2013ལོའི་སྤྱི་ཟླ6པར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས2012ལོའི་ཁུལ་ཡོངས་དབུལ་སྐྱོར་བྱ་ཡུལ་གྱི་ཆ་འཕྲིན་འཇུག་པའི་ལས་ཀ་ལེགས་འགྲུབ་བྱུང་། རྫོང་སོ་སོའི་གཞི་གྲངས་བཅུག་ཡོད་པ་ལས་གསལ་དོན། 2012ལོར་ཁུལ་ཡོངས་ནས་མི21634ལ་དབུལ་ཕོངས་ལས་ཐར་བ་དང་དཀའ་ངལ་སེལ་བའི་ལས་འགན་ལེགས་འགྲུབ་བྱུང་། 2012ལོའི་ལོ་མཇུག་བར། རྔ་བ་ཁུལ་ཡོངས་སུ་བསྡོམས་པས་དབུལ་ཕོངས་དཀའ་ངལ་ཡོད་མཁན་མི149591ཡོད། 2012ལོར་རྒྱལ་ཁབ་ལས་གཞིའི་རོགས་སྐྱོར་དབུལ་སྐྱོར་བྱ་ཡུལ་མི131613ཡོད་ལ། དབུལ་སྐྱོར་བྱ་ཡུལ་སྤྱིའི་མི་འབོར་གྱིས87.98%ཟིན་ཡོད་ཅིང་། ནོར་སྲིད་དབུལ་སྐྱོར་མ་དངུལ་རོགས་སྐྱོར་དབུལ་སྐྱོར་བྱ་ཡུལ་མི105452ཡོད་ལ། དབུལ་སྐྱོར་བྱ་ཡུལ་སྤྱིའི་མི་འབོར་གྱིས70.5%ཟིན། ལས་གཞི་སོ་སོའི་དམིགས་འབེན་ཚང་མ་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་ཡོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག