མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

བརྒྱད་ཟིལ་རྫོང་གིས་ཞིང་སྡེ་གསར་པའི་དཔེ་སྟོན་ས་ཁུལ་བཞི་འཛུགས་པ།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།  2013-06-13 11:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཆོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པའི་ཆེད་དུ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་གིས་ཞིང་སྡེ་གསར་པའི་དཔེ་སྟོན་ས་ཁུལ་འཛུགས་པར་མཐོང་ཆེན་བྱས་པ་རེད། ད་ལོ་ནས་བཟུང་རྫོང་དེའི་རྫོང་ཨུའི་ཞིང་ལས་གཞུང་ལས་ཁང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིང་སྡེ་གསར་པ་དཔེ་སྟོན་ས་ཁུལ་འཛུགས་པར་སྐུལ་འདེད་བརྟན་པོ་བྱས་ཏེ།ད་ལྟར་ཀ་ཨེར་གྲོང་རྡལ་གྱི་ཧྭ་ཆིའུ་གྲོང་སྡེ་པའེ་དབྱང་ཕིང་ཚོ་ཆུང་དང་ཝན་པ་ཤང་གི་ཞའོ་ཧོ་ཧྥང་གྲོང་སྡེ་ཧྲང་ཧོ་པ་ཚོ་ཆུང་།ཞའོ་ཅིན་ཤང་གི་དབྱང་ཆའོ་གྲོང་སྡེའི་ཡིང་ཧྲན་ཚོ་ཆུང་དང་ཞ་ཨེར་ཙི་ཧྲན་ཚོ་ཆུང་།སན་ཡ་ཤང་ལུང་ཐང་ཙི་གྲོང་སྡེ་ཏེན་ཙི་ཀོའུ་ཚོ་ཆུང་བཅས་ཞིང་སྡེ་གསར་པ་དཔེ་སྟོན་ས་ཁུལ་བཞི་ཐོགས་མེད་དུ་བཙུགས་ཏེ།ཁྱོན་བསྡོམས་དུད་ཚང་267མི་འབོར་1188ལ་ཕན་ཐོབ་པ་རེད།

ཞིང་སྡེ་གསར་པ་དཔེ་སྟོན་ས་ཁུལ་བཞི་འཛུགས་བསྐྲུན་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི890.104བཏང་ཞིང་།དེའི་ནང་ནས་སྲིད་གཞུང་གིས་ལེགས་སྒྲིག་བྱེད་པའི་མ་དངུལ་སྣ་ཚོགས་སྒོར་ཁྲི་524.71བཏང་ཡོད་པ།མང་ཚོགས་ཀྱིས་ངལ་རྩོལ་ནུས་ཤུགས་སྒོར་ཁྲི་365.394འཇོག་ཡོད།

མི་སེར་གྱི་སྡོད་ཁང144ལེགས་བཅོས་བསྒྱུར་བཀོད་བྱས་པ་།ཉེན་ཁ་ཡོད་པའི་དུད་ཚང་གསུམ་གྱི་ཁང་པ་ལེགས་བཅོས་བྱས་པ།འགྲོ་ལམ་གཙོ་བོ་སྨི་5514སྲ་བསྒྱུར་བྱས་པ་དང་དུད་ཁ་བར་གྱི་འབྲེལ་ལམ་སྨི་4638སྲ་བསྒྱུར་བྱས་པ།དུད་ཚང་26གི་ར་བ་སྨི་གྲུ་བཞི་མ650སྲ་བསྒྱུར་བྱས་ཡོད་པ་དང་།གྲོང་སྡེའི་འགྲོ་ལམ་སྤྱི་ལེ་3བསྐྱར་གསོ་བྱས་པ།གད་སྙིགས་ཞུ་འགྱུར་བྱེད་སའི་རྫིང་བུ་4གསར་འཛུགས་བྱས་པ།བཙོག་འབུད་ཆུ་རྐ་སྨི1525གསར་སྐྲུན་བྱས་པ་དང་སྟབས་བདེའི་ཟམ་པ་1གསར་འཛུགས་བྱས་པ།ཐོན་ལས་གོང་སྤེལ་གཏོང་བའི་གནས་གཞི་ཆ་ཚང་ཅན་མུའུ་540ལས་པ།གསོ་སྤེལ་དུད་ཁ་ཆེན་པོ་བརྒྱད་ཆ་ཚང་སྒྲིག་ཚར་བ་དང་ཆབས་ཅིག་ཏུ་སློབ་གསོ་དང་།འཕྲོད་བསྟེན།རྒྱང་བསྒྲགས་བརྙན་འཕྲིན།ཡུལ་མིའི་བྱེད་སྒོ་ལྟེ་གནས་སོགས་སྤྱི་པའི་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག