མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སི་ཁྲོན་ཞིང་ཆེན་མཚོ་སྔོན་ཚོང་ཚོགས་ཀྱིས་གུང་ཧི་རྫོང་སློབ་གསོ་ཅུའུ་ལ་དངོས་ཟོག་གི་ཞལ་འདེབས་ཕུལ་བ།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།  2013-06-13 11:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས11ཉིན། གདན་ཞུ་བྱས་ནས2013ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པའི་གོ་སྐབས་དང་བསྟུན་ནས། ཟི་ཁྲོན་ཞིང་ཆེན་མཚོ་སྔོན་ཚོང་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ངོ་སྤྲོད་འབྲེལ་གཏུག་འོག མཚོ་ལྷོ་ཁུལ་གུང་ཧི་རྫོང་སློབ་གསོ་ཅུའུ་ལ་རིན་ཐང་སྒོར་འབུམ་གཅིག་གི་དཔེ་ཁུག་ཡིག་ཆས་སོགས་དངོས་ཟོག་གི་ཞལ་འདེབས་ཕུལ།

སི་ཁྲོན་ཞིང་ཆེན་མཚོ་སྔོན་ཚོང་ཚོགས་ནི་ཕ་ཡུལ་མཚོ་སྔོན་ཡིན་པའི་ཁེ་ལས་དང་སྡེ་ཚོགས། ཚོང་བ་དང་ཡང་ན་མཚོ་སྔོན་དང་འབྲེལ་བ་དམ་པོ་ཡོད་པའི་སྡེ་ཚོགས་དང་མི་སྣའི་གྲུབ་པའི་ཞིང་ཆེན་ཧྲིལ་བོའི་རང་བཞིན་གྱི་རྩ་འཛུགས་ཤིག་དང་། མཚོ་སྔོན་ཞིང་ཆེན་གྱི་ཕྱི་རོལ་དུ་སྡོད་པའི་ཚོང་ཚོགས་དང་པོ་ཡང་ཡིན། ཉེ་བའི་ལོ་འགའི་རིང་ལ། ཚོང་ཚོགས་དེའི་དཔལ་འབྱོར་ལག་རྩལ་བརྗེ་རེས་ཀྱི་ཟམ་པ་དང་སྒྲོག་ཐག་གི་ནུས་བ་འདོན་སྤེལ་གང་ལེགས་བྱས་ཏེ། སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཁེ་ལས་ཀྱི་བརྗེ་རེས་མཉམ་ལས་དང་ཐོན་ཁུངས་མཉམ་སྤྱོད་ཐད་ལ་སྐུལ་འདེད་བཟང་བོ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། རིན་གོང་སྒོར་འབུམ་གཅིག་གི་དཔེ་ཁུག་ཡིག་ཆས་སོགས་ཀྱི་དངོས་ཟོག་དེ་ས་གནས་དེའི་སློབ་ཆུང་སོ་སོར་སྟེར་རྒྱུ་རེད། ཚོང་ཚོགས་ཀྱི་འགན་ཁུར་བས་ཞལ་འདེབས་མཛད་སྒོའི་སྟེང་བཤད་རྒྱུར་བརྩེ་སེམས་ཟབ་མོས་ཕ་ཡུལ་ལ་དྲིན་ལན་འཇལ་རྒྱུ་ནི་སི་ཁྲོན་དུ་ཡོད་པའི་མཚོ་སྔོན་གྱི་ཁེ་ལས་པ་ཚང་མའི་ཐུན་མོང་གི་སེམས་འདུན་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག