མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཟུང་ཆུ་རྫོང་གི་མང་ཚོགས་ཁྲི་ཕྲག་མང་པོས“བློ་གཅིག་སེམས་གཅིག་སྒོས་ཀྲུང་གོའི་ཕུགས་འདུན་མཉམ་བསྐྲུན”ཞེས་པར་མིང་རྟགས་བཀོད་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།རྔ་  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-06-07 10:22

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གིས་སུང་ཀྲའུ་ཐང་ཆེན་ནས“བློ་གཅིག་སེམས་གཅིག་སྒོས་ཀྲུང་གོའི་ཕུགས་འདུན་མཉམ་བསྐྲུན་དང་སྟོགས་ཤུགས་གཅིག་སྒྲིལ་སྒོས་སུང་ཀྲའུ་གསར་བ་བསྐྲུན་པར་བྱས་རྗེས་འཇོག་པ”ཞེས་པར་བོད་རིགས་ཆའང་རིགས་ཧོས་རིགས་རྒྱ་རིགས་བཅས་མི་རིགས་སོ་སོའི་མང་ཚོགས་ཁྲི་ཕྲག་ལྷག་གིས་མིང་རྟགས་བཀོད་པའི་བྱ་འགུལ་བསྡུས། སྤྱི་ཚོགས་ལས་རིགས་ཁག་གིས་མི་སྣས་ཆར་ཆུར་མི་འཛེམས་པར“ཀྲུང་གོའི་ཕུགས་འདུན། ཟུང་ཆུའི་ཕུགས་འདུན། བདག་གི་ཕུགས་འདུན། བདག་ནས་བཟུང་འགོ་རྩོམ་པ། ད་ནས་བཟུང་འགོ་རྩོམ་པ། ཆུང་དུས་ནས་བཟུང་འགོ་རྩོམ་པ”ཞེས་པའི་རིང་ཚད་སྨི20ཡི་བྱང་བུ་སྟེང་རང་ཉིད་ཀྱི་རེ་འདུན་བྲིས་ཤིང་། འབྱོར་ཕྱུག་དང་དཔལ་ཡོན། བདེ་སྐྱིད། འཆམ་མཐུན་བཅས་ཀྱི་ཟུང་ཆུ་གསར་བ་བསྐྲུན་པར་རེ་བ་ཟབ་མོ་བཅངས་ཡོད་པ་མཚོན་ཡོད།  །

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག