མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་གྱིས་ཞབས་ཕྱི་ལས་རིགས་ཐད་མ་དངུལ་གཏོང་ཚད56%འཕར་བ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། དཀར་མཛེས་ཉིན་རེའི་ཚགས་པར།  2013-06-06 11:11

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་སྤྱི་ཟླ1པོ་ནས4པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞབས་ཕྱི་ལས་རིགས་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར31.08ལེགས་འགྲུབ་བྱུང་ལ། དུས་མཉམ་ལས56.0%འཕར་བ་དང་། ཐོན་ལས་གཉིས་པའི་མ་དངུལ་གཏོང་ཚད་ཀྱི་འཕར་ཚད་ལས་བརྒྱ་ཆའི་ཆ47.6མཐོ་ཞིང་། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་བའི་བསྡུར་ཚད་ལས37.8%ཟིན་པ་དང་། དུས་མཉམ་ལས་བརྒྱ་ཆའི་ཆ8.1མཐོར་འདེགས་བྱུང་ཡོད་པས། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་སོང་ཞིང་གྲུབ་འབྲས་ཐོན་ཚད73.0%ལ་བསླེབས་ཡོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག